༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༡ རེས་གཟའ་ལྷག་པ་ཉིན་ཅོན་ཏ་ར་བོད་མིའི་གཞིས་ཆགས་ཀྱི་ས་གནས་འགོ་འཛིན་པདྨ་གཡུ་སྒྲོན་ལགས་དང་། ཚབ་གསར་ས་གནས་འགོ་འཛིན་མེ་རི་སྐྱབས་ལགས་རྣམ་གཉིས་དབར་ལས་འགན་རྩིས་ལེན་རྩིས་སྤྲོད་གནང་ཡོད།
དེ་ཡང་རྩིས་སྤྲོད་རྩིས་ལེན་གྱི་ལས་དོན་ལ་སྦིར་བོད་ཚོགས་ཀྱི་ས་གནས་འགོ་འཛིན་ཀརྨ་དགེ་ལེགས་ལགས་ཀྱིས་སྤྲོད་དཔང་གི་འགན་ཁུར་བཞེས་པའི་ཐོག་ས་གནས་འགོ་འཛིན་གསར་རྙིང་དབར་ས་འགོའི་བདག་དབང་དུ་ཡོད་པའི་རྩ་འཛིན་གྱིས་གཙོས་ལས་ཁུངས་ཀྱི་ཡིག་སྣོད་སོགས་རྩིས་ལེན་རྩིས་སྤྲོད་གནང་ཡོད་པ་བཅས།།