དེ་ཡང་ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༢༡ རེས་གཟའ་མིག་དམར་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༡ ནས་དགོང་དྲོ་ཆུ་ཚོད་ ༧ བར་རིམ་པས་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་ཟུར་པ་དང་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་རིན་ཆེན་མཁའ་འགྲོ་ཁིར་མེ་ (Shri R. K. Khrimey, National Convener, Core Group for Tibetan Cause) ལགས་དང་། རྒྱ་གར་གྲོས་ཚོགས་འོག་མའི་མདྱ་པྲདེཤ་མངའ་སྡེའི་འཐུས་མི་སྐུ་ཞབས་སུ་དྷིར་གུབ་ཏཱ་ (Shri Sudhir Gupta,Lok Sabha member from MP) ལགས། རྒྱ་གར་གྲོས་ཚོགས་འོག་མའི་བི་ཧར་མངའ་སྡེའི་འཐུས་མི་སྐུ་ཞབས་སཱན་ཏོཤ་ཀུ་མཱར་ (Shri Santosh Kumar, Lok Sabha member from Bihar) ལགས། རྒྱ་གར་གྲོས་ཚོགས་གོང་མའི་ཡུ་པི་མངའ་སྡེའི་འཐུས་མི་སྐུ་ཞབས་ཝི་ཤམ་བྷར་ནི་ཤད་ (Shri Vishambhar Nishad ,Rajya Sabha member from UP) ལགས། རྒྱ་གར་གྲོས་ཚོགས་གོང་མའི་ཨ་སམ་མངའ་སྡེའི་འཐུས་མི་སྐུ་ཞབས་རི་པུན་བྷོ་རཱ་ (Shri Ripun Bora,Lok Sabha member from Assam) ལགས་བཅས་དང་སོ་སོར་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་ཡོད།