༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། རྒྱ་གར་རྒྱལ་ས་ལྡི་ལིར་དགུན་ཁའི ་གྲོས་ཚོགས་འཚོགས་བཞིན་པའི་སྐབས ་དང་བསྟུན། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་དང་། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་གོ ་བོ་བློ་བཟང་ཕན་བདེ་ལགས། སྤྱི་འཐུས་ལྷ་རྒྱ་རི་རྣམ་རྒྱལ་སྒྲོ ལ་དཀར་ལགས། སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ ཆེན་རྒྱལ་མཚན་ལགས། སྤྱི་འཐུས་ཆོས་གྲགས་རྒྱ་མཚོ་ལགས་བཅས་ལས་གྲུབ་པའི་བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་ནས་ཕྱི་ལོ ་ ༢༠༢༡ ཟླ་ ༡༢ ཚེས་ ༡༣ ནས་ ༢༣ བར་རྒྱལ་ས་ལྡི་ལིར་རྒྱ་གར་དབུས་ གཞུང་གི་གྲོས་ཚོགས་གོང་འོག་གཉིས ་ཀྱི་འཐུས་མི་དང་། ཕྱི་རྒྱལ་གཞུང་ཚབ་སོགས་གནད་ཡོད་ མི་སྣ་ཁག་ཅིག་མཇལ་འཕྲད་ཀྱིས་བོད ་དོན་ཞུ་སྐུལ་གྱི་ལས་འགུལ་སྤེལ་ བཞིན་ཡོད་པ་ལྟར། ཕྱི་ཚེས་ ༡༧ བོད་དོན་ཞུ་སྐུལ་གྱི་ཉིན་བཞི་ པར་བོད་མི་མང་སྤྱི་འཐུས་སྐུ་ཚབ་ ཚོགས་ཆུང་ནས་རྒྱ་གར་གྲོས་ཚོགས་གོ ང་འོག་གཉིས་ཀྱི་འཐུས་མི་ཁག་ཅིག་ དང་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུ ལ་གནང་ཡོད།
དེ་ཡང་བོད་མི་མང་སྤྱི་འཐུས་སྐུ་ ཚབ་ཚོགས་ཆུང་ནས་ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༡༧ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༤༥ ནས་དགོང་དྲོ་ཆུ་ཚོད་ ༨།༣༠ བར་རིམ་པས་རྒྱ་གར་གྲོས་ཚོགས་འོ ག་མའི་ཨ་རུ་ཎཱ་ཅལ་མངའ་སྡེའི་འཐུ ས་མི་སྐུ་ཞབས་ཏཱ་པེར་གྷའོ་ ( Shri.Tapir Gao,Lok Sabha member from Arunachal) ལགས་དང་། རྒྱ་གར་གྲོས་ཚོགས་འོག་མའི་བི་ ཧར་མངའ་སྡེའི་འཐུས་མི་སྐུ་ཞབས་ དྷུ་ལཱལ་ཅནྡྲ་གྷོ་སྭ་མི་ (Shri Dulal Chandra Goswami,Lok Sabha member from Bihar) ལགས། རྒྱ་གར་གྲོས་ཚོགས་འོག་མའི་བི་ ཧར་མངའ་སྡེའི་འཐུས་མི་སྐུ་ཞབས་ ཅནྡྲེཤ་ཝར་པྲ་སད་ (Shri Chandeshwar Prasad,Lok Sabha member from Bihar) ལགས།
རྒྱ་གར་གྲོས་ཚོགས་འོག་མའི་ཧི་མཱ་ ཅལ་མངའ་སྡེའི་འཐུས་མི་སྐུ་ཞབས་ ཀི་ཤན་ཀཱ་པུར་ (Shri Kishan Kapoor,Lok Sabha member from Himachal) ལགས། རྒྱ་གར་གྲོས་ཚོགས་འོག་མའི་ཧི་ མཱ་ཅལ་མངའ་སྡེའི་འཐུས་མི་ལྕམ་སྐུ ་རཱ་ནི་པྲཱ་ཏི་བྷཱ་སིངྒ་ (Smt Rani Pratibha Singh,Lok Sabha member from Himachal) ལགས། རྒྱ་གར་གྲོས་ཚོགས་གོང་མའི་ནུབ་བངྒཱལ་མངའ་སྡེའི་འཐུས་མི་སྐུ ་ཞབས་སྭ་པཱན་དཱས་གུབྟཱ་ (Shri Dr. Swapan Dasgupta,Rajya Sabha MP from West Bengal) ལགས། རྒྱ་གར་གྲོས་ཚོགས་གོང་མའི་གུཇ་རཱཏ་མངའ་སྡེའི་འཐུས་མི་སྐུ ་ཞབས་ཇུ་གྷལ་ཇི་མཱ་ཐུར་ཇི་ཋཱ་ཀུར་ (Shri.Jugalji Mathurji Thakur, Rajya Sabha MP from Gujarat) ལགས་བཅས་དང་སོ་སོར་མཇལ་འཕྲད་ཀྱི ས་བོད་དོན་ཞུ་སྐུལ་གནང་ཡོད།
བོད་དོན་ཞུ་སྐུལ་གྱི་ལས་འགུལ་སྤེ ལ་སྐབས་སྤྱི་འཐུས་རྣམ་པས་གཙོ་བོ ་རྒྱ་གར་གྲོས་ཚོགས་འཐུས་མིའི་བོ ད་དོན་རྒྱབ་སྐྱོར་ཚོགས་པ་སླར་ གསོ་ཡོང་ཐབས་དང་། དེ་བཞིན་བོད་མི་རིགས་ཀྱི་ངོ་བོ་ དང་རིག་གཞུང་མུ་མཐུད་རྒྱུན་གནས་ ཆེད་རྒྱལ་སྤྱིའི་ཐོག་ཏུ་བོད་དོ ན་གླེང་སློང་ཡོང་བར་རྒྱ་གར་གཞུ ང་གིས་ཐུགས་འགན་གཙོ་བོ་བཞེས་དགོ ས་པའི་འབོད་སྐུལ་དང་། རྒྱལ་སྤྱིའི་དབུ་ཁྲིད་རྣམ་པ་ མཉམ་འབྲེལ་གྱི་ཐོག་ནས་བོད་ནང་ འགྲོ་བ་མིའི་ཐོབ་ཐང་དང་། ཆོས་དད་རང་དབང་ལ་རྒྱབ་སྐྱོར། ༧གོང་ས་མཆོག་གི་སྐུ་ཚབ་དང་། རྒྱ་ནག་གཞུང་གི་དབར་ཞི་མོལ་ཡོང་ ཐབས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་ གཤིས་དང་ཁོར་ཡུག་གི་ཚོགས་འདུ་སོ གས་ཀྱི་ཐོག་བོད་ཀྱི་རང་བྱུང་ཁོ ར་ཡུག་གིས་རྒྱལ་སྤྱིའི་ཐོག་ལ་ཤུ གས་རྐྱེན་གང་འདྲ་ཐེབས་ཀྱི་ཡོད་ མེད་ཐད་ཚན་རིག་དང་མཐུན་པའི་ཞིབ་ འཇུག་ཡོང་ཐབས་བཅས་ཀྱི་སྐོར་རྒྱ བ་སྐྱོར་དང་། བོད་ནང་གི་བོད་མི་རྣམས་ལ་ཚད་ལས་ བརྒལ་བའི་སྡུག་སྦྱོང་མནར་གཅོད་ གཏོང་བཞིན་པར་གདུང་སེམས་མཉམ་བསྐྱེ ད་མཚོན་སླད། དགུན་དུས་ཨོ་ལིམ་པིག་རྩེད་འགྲན་ ལ་གཞུང་འབྲེལ་མཛད་གཙོ་རྣམས་མཉམ་ ཞུགས་མི་གནང་བའི་འབོད་སྐུལ་བཅས་ ཞུས་གནང་ཡོད།
ཐེངས་འདིའི་བོད་དོན་ཞུ་སྐུལ་ནི་ ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༡༤ ནས་དངོས་སུ་འགོ་འཛུགས་ཏེ་ཚེས་ ༢༣ བར་ཉིན་གྲངས་བཅུའི་རིང་གནང་རྒྱུ ་ཡིན་པ་དང་། ཞུ་སྐུལ་སྐབས་ཚོགས་དྲུང་ལས་ཁུ ངས་ཀྱི་ལས་བྱེད་བསྟན་འཛིན་གསལ་ སྒྲོན་ལགས་དང་། འཕགས་བོད་འབྲེལ་མཐུད་ལས་ཁུངས་ཀྱི ་འབྲེལ་ཡོད་ལས་བྱེད་ཆོས་ཉིད་ཚེ་ རིང་ལགས་རྣམ་གཉིས་མཉམ་བཅར་ཞུས་ གནང་ཡོད་པ་བཅས། །