༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༢ ཚེས་ ༡༠ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ལ་འཛམ་གླིང་ནང་ཆེས་སྙན་གྲགས་ཅན་གྱི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་ ༣༢ འཁོར་བའི་དུས་ཆེན་ཉིན་མོར་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་བཞུགས་སྒར་རྡ་ས་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་འགྲོ་བ་མིའི་ཐོབ་ཐང་ཚན་པ་ནས་ཕྱི་ལོ་ ༡༩༥༩ ནས་ཕྱི་ལོ་ ༢༠༢༡ བར་རྒྱལ་སྤྱིའི་ཐོག་ནས་བོད་དོན་ཐོག་གྲོས་ཆོད་བཞག་པ་དང་ངོས་འཛིན་གནང་བ་ཁག་ཕྱོགས་སྒྲིག་ཞུས་པའི་དཔེ་དེབ་ (International Resolutions & Recognitions on Tibet,1959-2021) ཞེས་དབུ་འབྱེད་གནང་ཡོད།
དེ་ཡང་དཔེ་དེབ་དབུ་འབྱེད་དང་འབྲེལ་བའི་སྐོར་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་གསུང་དོན། རྒྱལ་སྤྱིའི་གཞུང་དང་། གྲོས་ཚོགས་འཐུས་མི། རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་གཡོ་བ་མེད་པར་མུ་མཐུད་བོད་དོན་དང་བོད་མི་རྣམས་ལ་ད་བར་རྒྱབ་སྐྱོར་གནང་དང་གནང་བཞིན་པ་ནི་རྒྱལ་སྤྱིའི་ཡོངས་ཁྱབ་འགྲོ་བ་མིའི་ཐོབ་དང་འགྲོ་བ་མིའི་ཆེ་མཐོང་ལ་ཡིད་ཆེས་དང་སྣང་ཆེན་དུ་རྩི་ཡི་ཡོད་པ་མཚོན་གྱི་ཡོད་ལ། རྒྱལ་སྤྱིའི་གཞུང་དང་། གྲོས་ཚོགས་འཐུས་མི། རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་གཡོ་བ་མེད་པར་མུ་མཐུད་བོད་དོན་དང་བོད་མི་རྣམས་ལ་ད་བར་རྒྱབ་སྐྱོར་གནང་དང་གནང་བཞིན་པ་དེས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་གི་བཙན་གནོན་འོག་འཚེ་མེད་ཞི་བའི་ལམ་ནས་འཐབ་རྩོད་བྱེད་བཞིན་པའི་བོད་མི་ཚུད་པའི་འཛམ་གླིང་མི་མང་ལ་སེམས་ཤུགས་དང་རེ་བ་བསྐྲུན་ཡོད། ཅེས་གསུངས། །