༄༅། །འདི་གར་སྤོན་ཊ་ཆོལ་གསུམ་ས་གནས་འགོ་འཛིན་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༢ དང་ ༣ ཉིན་སྤོན་ཊ་ཆོལ་གསུམ་ས་གནས་འགོ་འཛིན་དགེ་ལེགས་འཇམས་དབྱངས་ལགས་ཀྱིས་རྒྱ་གར་གྱི་ལོ་སར་དུ་གྲགས་པའི་ངྷི་ཝ་ལི་ (Diwali) ཞེས་པའི་མཆོད་མེའི་ཕྲེང་བ་འབུལ་བའི་དུས་ཆེན་དང་སྟབས་བསྟུན་ཧི་མ་ཅཱལ་མངའ་སྡེའི་འཕྲུལ་གློག་བློན་ཆེན་སྐུ་ཞབས་སུག་རཱམ་ཅོ་དི་རི་ (Shri Sukhram Chaudhary) མཆོག་གིས་གཙོས་ནཱ་ཧཱན་དང་སྤོན་ཊ་ཁུལ་གྱི་རྒྱ་གར་གནད་ཡོད་མི་སྣ་གྲངས་ ༣༠ ཙམ་དང་མཇལ་འཕྲད་ཀྱིས་མངར་ཟས་སོགས་ཕུལ་ཡོད་པ་བཅས། །
གསར་གནས།
འབྲེལ་གནས།