༄༅། །རྒྱ་གར་གྱི་ལོ་སར་དུ་གྲགས་པའི་ངྷི་ཝ་ལི་ (Diwali) ཞེས་པའི་མཆོད་མེའི་ཕྲེང་བ་འབུལ་བའི་དུས་ཆེན་དང་སྟབས་བསྟུན་སིམ་སྤྱི་མི་འགྱུར་གཡུ་སྒྲོན་ལགས་ཀྱིས་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཇ་ཡཱ་རཱམ་ཋཱ་ཀུར་ (Sri Jai Ram Thakur) མཆོག་དང་། ཧི་མཱ་ཅལ་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་རཱ་ཇེནྡྲ་ཝིཤྭ་ནཐ་ཨར་ལེ་ཀར་ (Shri. Rajendra Vishwanath Arlekar) མཆོག་དང་མཇལ་འཕྲད་ཀྱིས་བོད་མིའི་སྒྲིག་འཛུགས་དང་བོད་ཡོངས་ཀྱིས་ཚབ་ཞུས་ཏེ་ངྷི་ཝ་ལིའི་འཚམས་འདྲི་ཞུས་ཡོད།ཕྱོགས་མཚུངས་སིམ་སྤྱི་མི་འགྱུར་གཡུ་སྒྲོན་ལགས་ཀྱིས་སྐུ་ཞབས་རམ་སུ་སྦག་སིངྒ་ (Ram Subhag Singh) ལགས་དང་ཧི་མཱ་ཅལ་མངའ་སྡེའི་ཉེན་རྟོག་རུ་དཔོན་སྐུ་ཞབས་སཱན་ཇེ་ཀུན་ཌུ་ (Sanjay Kundu) ལགས། སིམ་ལའི་རྫོང་དཔོན་ཨ་དྷི་ཏི་ཡ་ནེ་གི་ ( Aditya Negi ) ལགས། ལྕམ་སྐུ་མོ་ནི་ཀཱ་ (Monika Bhutunguru) ལགས་བཅས་དང་མཇལ་འཕྲད་ཀྱིས་འཚམས་འདྲི་ཞུས་ཡོད།
སྐབས་དེར་ཧི་མཱ་ཅལ་མངའ་སྡེའི་ཉེན་རྟོག་རུ་དཔོན་སྐུ་ཞབས་སཱན་ཇེ་ཀུན་ཌུ་ (Sanjay Kundu) ལགས་ཀྱིས་སིམ་སྤྱི་ལ་དྲན་རྟེན་ཕྱག་རྟགས་ཤིག་ཀྱང་གནང་ཡོད་པ་བཅས། །