༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༡༧ ཉིན་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་གོ་སྒྲིག་འོག་བཞུགས་སྒར་རྡ་ས་ཁུལ་དུ་མཆིན་ནད་དུག་ཐབས་ནད་གཞི་ཁ་པ་(Hepatitis B) ཡོད་པའི་ནད་པ་རྣམས་ལ་བརྟག་དཔྱད་གནང་ཡོད།
སྤྱིར་མཆིན་ནད་དུག་ཐབས་ནད་གཞི་ཁ་པ་ནི། གཙོ་བོ་མཆིན་ནད་དུག་ཐབས་ཀྱི་གཉན་སྲིན་ལ་བརྟེན་ནས་འབྱུང་གི་ཡོད། མཆིན་པ་དང་མཆིན་ནད་དུག་ཐབས་ཀྱི་ནད་གཞི་ཡོད་མཁན་གྱི་ནད་པ་ཚོས་ངེས་པར་ཟླ་བ་དྲུག་ནས་བཅུ་གཉིས་བར་བརྟག་དཔྱད་རེ་གནང་དགོས་རྒྱུ་གལ་ཆེན་པོ་ཆགས་ཡོད། འཕྲོད་བསྟེན་ལས་ཁུངས་ནས་ལོ་རེར་ཐེངས་གཉིས་རེ་བརྟག་དཔྱད་གནང་གི་ཡོད་པ་ལྟར་ཕྱི་ཚེས་༡༧ ཉིན་བཞུགས་སྒར་རྡ་ས་ཁུལ་དུ་མཆིན་ནད་དུག་ཐབས་ནད་གཞི་ཁ་པ་(Hepatitis B) ཡོད་པའི་ནད་པ་གྲངས་ ༩༢ ལ་མཇུག་སྐྱོང་བརྟག་དཔྱད་གནང་ཡོད་པ་དང་། ནད་གཞི་བརྟག་དཔྱད་ཀྱི་འགྲོ་གྲོན་ཨ་རིའི་རོགས་ཚོགས་ (PRM) ཞེས་པས་མཐུན་འགྱུར་གནང་ཡོད་པ་བཅས།།