༄༅། །བྱང་ཨ་རི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཨ་རིའི་མེ་རི་ལེན་
རི་བྷེག་ཀ་ལགས་ནི་རྒྱུན་རིང་པོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཡིད་སྨོན་ཞུ་མཁན་ཞིག་ཡིན་ཞིང་། དགུང་ལོ་ལྔ་ལ་སོན་སྐབས་ཁོང་གིས་༧གོང་ས་མཆོག་ཐོག་མར་ཕྱི་ལོ་༡༩༥༦ ལོར་མཇལ་ཁ་ཞུས་ཡོད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ཡོངས་ལ་སྙིང་རྗེ་གོང་མཐོར་གཏོང་གནང་མཛད་བཞིན་ཡོད་སྟབས། རི་བྷེག་ཀ་ལགས་སེམས་འགུལ་ཐེབས་ནས་འགྲེམས་སྟོན་ཁང་དེ་དབུ་འཛུགས་གནང་བ་ཞིག་རེད་འདུག འགྲེམས་སྟོན་ཁང་དེར་སྨན་པ་ཇོན་ཀོལ་ཀིན་(Dr. Jon Kolkins)ལགས་ཀྱིས་ཁོང་རང་ཨེ་ཤི་ཡ་ཁྱོན་ཡོངས་སུ་འགྲོ་བ་མིའི་བདེ་རྩའི་ཆེད་སྨན་སྦྱོར་ཕྱག་ལས་གནང་སྐབས་ལོ་ངོ་༡༣རིང་བརྒྱབ་པའི་རྙེད་དཀའ་བའི་པར་རིས་ཀྱང་བཞག་ཡོད་ཅིང་། ཁོང་གི་པར་འགའ་ཤས་ལ་འཛམ་གླིང་ཁྱོན་ཡོངས་ནས་གཟེངས་རྟགས་ཉི་ཤུ་ཐོབ་ཡོད་པ་རེད།ཉེ་ལམ་པར་སྐྲུན་ཞུས་པའི་ཁོང་གི་དཔེ་དེབ་ནང་སེམས་ཞི་བདེ་དང་བཏང་སྙོམས་ཀྱི་འཚོ་བ་ (Inner Harmony: Living in Balance)ཞེས་པའི་ནང་ཆོས་ལུགས་དབྱེར་མེད་ཐོག་སེམས་ཚབས་མེད་པར་མི་ཚེ་བཏང་སྙོམས་སུ་གནས་ཐབས་སྐོར་གྱི་པར་རིས་རྣམས་བཀོལ་སྤྱོད་བྱས་ཡོད། དེབ་དེ་ཉིད་ཉེ་ཆར་ཕྱི་ལོ་༢༠༢༡རྒྱལ་སྤྱིའི་པར་ལེན་གཟེངས་རྟགས་སྐབས་དངོས་བྱུང་གཞི་འཛིན་གྱི་དཔེ་དེབ་རྩེ་ཕུད་(Best Documentary Book)ཁྲོད་ཨང་རིམ་གཉིས་པ་སོན་ཡོད། དེབ་དེའི་གླེང་བརྗོད་༧གོང་ས་མཆོག་དང་འབྲུག་གི་རྒྱལ་ཡུམ་གྱིས་ལྗགས་རྩོམ་མཛད་འདུག སྨན་པ་ཇོན་ལགས་ནི་༧གོང་ས་མཆོག་ལ་ཡིད་སྨོན་ཞུ་མཁན་ཙམ་མ་ཟད་བོད་དོན་རྒྱབ་སྐྱོར་བ་ཞིག་ཀྱང་ཡིན། ཁོང་གིས་དཔེ་དེབ་དེ་ཉིད་ཚོང་སྒྱུར་ལས་བྱུང་བའི་ཡོང་འབབ་ཡོངས་རྫོགས་སྤྱི་ཚོགས་དང་ཚོར་ཤེས། བཟང་སྤྱོད་ཀྱི་སློབ་གསོ་(SEE Learning)ཐེ་བའི་སྙིང་རྗེ་གཞི་ལ་བཞག་པའི་ཁེ་མེད་ལས་གཞིར་ཞལ་འདེབས་གནང་རྒྱུའི་ཞལ་བཞེས་གནང་འདུག་པ་བཅས།།