༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༣༡ ཉིན་ཨིན་ཡུལ་བོད་དོན་རྒྱབ་སྐྱོར་བ་རྙིང་གྲས་སྐུ་ཞབས་ (Fredrick R Hyde-Chambers) ལགས་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོ་བའི་གནས་ཚུལ་ཐོན་པར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཊུ་ཝི་ཊར་ (Twitter) བརྒྱུད་བོད་མིའི་སྒྲིག་འཛུགས་ཀྱི་ཚབ་ཞུས་ཏེ་ཐུགས་གསོ་གནང་བའི་ནང་འཁོད་དོན། སྐུ་ཞབས་ (Fredrick R Hyde-Chambers) ལགས་སྐུ་ཚེའི་འཕེན་པ་རྫོགས་པའི་ཡིད་སྐྱོ་བའི་གནས་ཚུལ་གོ་ཐོས་བྱུང་བས་རང་ཉིད་ཧ་ཅང་བློ་ཕམ་བྱུང་། ཕྱི་ལོ་ ༡༩༦༠ ལོ་ནས་བཟུང་དམ་པ་ཁོང་གིས་བོད་དང་བོད་མིའི་འབོད་སྒྲར་རྒྱབ་སྐྱོར་ཤུགས་ཆེ་གནང་ཡོད། དམ་པ་ཁོང་གིས་བོད་མིར་ཞབས་འདེགས་བསྒྲུབས་པ་དེ་འགྲན་ཟླ་བྲལ་བ་ཆགས་ངེས་ཡིན། ང་ཚོས་སྨོན་ལམ་དང་ཐུགས་གསོ་ཞུ་རྒྱུ་ཡིན། ཞེས་འཁོད་ཡོད། །
གསར་གནས།
འབྲེལ་གནས།