༄༅། །བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༡༩ ནས་ ༢༦ བར་རྒྱ་གར་བྱང་ཤར་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་ཡོད། དཔལ་ལྡན་སྲིད་སྐྱོང་མཆོག་དང་ལྷན་དུ་ནང་སྲིད་ཟུང་དྲུང་དོན་གྲུབ་ཚེ་རིང་ལགས་དང་། ལས་དྲུང་ཐུབ་བསྟན་ཆོས་སྒྲོན་ལགས། དཔལ་འབྱོར་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་དྲུང་གཞོན་བཀྲ་ཤིས་དབང་འདུས་ལགས། ལས་དྲུང་སྒྲོལ་མ་ལྷ་སྒྲོན་ལགས་བཅས་ལྷན་བཅར་ཞུས་ཡོད། ཐེངས་འདིའི་དཔལ་ལྡན་སྲིད་སྐྱོང་མཆོག་རྒྱ་གར་བྱང་ཤར་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་ཀྱི་མཛད་རིམ་གནད་བསྡུས་ཁག་གཤམ་གསལ།
དེ་ཡང་ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༡༩ རེས་གཟའ་མིག་ཉིན་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལྡི་ལི་ནས་ཕེབས་ཐོན་གྱིས་བྷག་ཌོ་ར་གནམ་ཐང་དུ་ཕེབས་འབྱོར་སྐབས་ཀ་རྡོར་ས་གནས་འགོ་འཛིན་དང་ལས་སྣེ། མང་ཚོགས་བཅས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད། དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་ཁར་ཤང་ཕེབས་འབྱོར་གྱིས་ས་དགོན་ཀུན་དགའ་བཤད་སྒྲུབ་གླིང་དུ་མཆོད་མཇལ་དང་། མང་ཚོགས་ལ་དྲི་བ་དྲིས་ལན་དང་གསུང་བཤད་གནང་བ་དང་འབྲེལ་ད་ཆ་ཁར་ཤང་དུ་རྙོག་གླེང་གཙང་མ་ཆགས་པ་དང་ས་གནས་སུ་ཉམ་ཐག་གི་དཀའ་ངལ་ཅན་གཅིག་ཀྱང་མེད་པའི་སྐོར་གསུངས་རྗེས་བསུ་ན་མདའ་ས་གནས་སུ་ཕེབས་འབྱོར་གྱིས་བསམ་གྲུབ་དར་རྒྱས་ཆོས་གླིང་དུ་ཉིན་གུང་གསོལ་ཚིགས་དང་མང་ཚོགས་ལ་དྲི་བ་དྲིས་ལན་དང་གསུང་བཤད་གནང་གྲུབ་མཚམས་སློབ་གྲྭའི་ཉལ་ཁང་ལ་གཟིགས་སྐོར་གནང་རྗེས་རྡོར་གླིང་དུ་ཕེབས་ཐོན་གནང་ཡོད། ལམ་བར་དུ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བཀའ་འགྱུར་དབུ་རྒྱན་ཀུན་བཟང་ཆོས་འཁོར་གླིང་དང་། པད་མ་ཆོས་འཁོར་གླིང་། འཛི་སྒར་དགོན་བཅས་སུ་མཆོད་མཇལ་དུ་ཕེབས་རྗེས་རྡོར་གླིང་དུ་ཕེབས་འབྱོར་བྱུང་ཡོད།
ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༢༠ ཉིན་གྱི་སྔ་དྲོ་དཔལ་ལྡན་སྲིད་སྐྱོང་མཆོག་འབྲུག་གསང་སྔགས་ཆོས་གླིང་དང་། ཀིརྟི་དགེ་ལྡན་བཀྲ་ཤིས་ཆོས་གླིང་། མི་རིག་འབོ་དཀར་ངེས་དོན་ཆོས་འཁོར་གླིང་བཅས་སུ་མཆོད་མཇལ་དང་འབོ་དཀར་རིན་པོ་ཆེའི་ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེ་དང་ལྷན་དུ་མཇལ་མོལ་གནང་རྗེས་སློབ་གྲྭ་དང་བཤད་གྲྭར་གཟིགས་སྐོར་གནང་གྲུབ་མཚམས་མི་རིག་ས་གནས་བོད་རིགས་མི་མང་ལ་ཐུག་འཕྲད་གནང་ཡོད། དེ་རྗེས་དཔལ་ལྡན་སྲིད་སྐྱོང་མཆོག་རྡོར་གླིང་རང་འཚོ་བཟོ་གྲྭར་འབྱོར་ཏེ་ཁོར་ཡུག་དང་བཅས་པར་གཟིགས་སྐོར་དང་། ཚོགས་འཛོམས་ཐོག་འགན་འཛིན་ནས་ལས་བསྡོམས་སྙིང་བསྡུས་སྙན་གསན་རྗེས་སྤྱིའི་གནས་སྟངས་ལ་ལན་འདེབས་གནང་། དེ་ནས་རང་འཚོ་བཟོ་གྲྭར་དགུང་ཚིགས་གྲུབ་རྗེས་མགྲོན་ཁང་དུ་བཞུགས་ཞག་གནང་སྐབས་རང་འཚོ་བཟོ་གྲྭའི་ཚོགས་པའི་ལས་ཟུར་འཐུས་མི་བཞི་ངོ་བཅར་གྱི་བདེ་སྡུག་སྙན་གསན་ཞུས་ཡོད། ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༢༡ ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་སྤོག་རེ་སྤུངས་མི་མང་འཐུས་མི་བཞི་ལྷན་ཞོགས་ཇ་དང་བསྟུན་མིང་མང་གི་འཐུས་མི་བཞི་ཡིས་སློབ་གྲྭའི་གནས་སྟངས་དང་ས་ཁང་སོགས་ཀྱི་སྐོར་བདེ་སྡུག་སྙན་སེང་ཞུས་རྗེས་རྡོར་གླིང་གཏན་སློབ་ཚོགས་ཁང་དུ་སེར་སྐྱ་མི་མང་ལྷན་དུ་ཚོགས་འཛོམས་གནང་སྟེ་དྲི་བར་དྲིས་ལན་དང་གསུང་བཤད་གནང་ཡོད་། དེ་རྗེས་རྡོར་གླིང་ནས་ཕེབས་ཐོན་གྱིས་ཀ་སྦུག་ཏུ་ཕེབས་འབྱོར་སྐབས་ས་གནས་འཐུས་མི་དང་ལས་སྣེ་ཁག་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།
ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༢༢ ཉིན་གྱི་སྔ་དྲོ་དཔལ་ལྡན་སྲིད་སྐྱོང་མཆོག་ཟངས་མདོག་དཔལ་རི་དང་། ཐར་པ་ཆོས་གླིང་། སྲད་རྒྱུད། ཟེ་དཀར་བཅས་དགོན་སྡེ་ཁག་ལ་མཆོད་མཇལ་ལ་ཕེབས་རྗེས་མ་ཎི་ལྷ་ཁང་དུ་ས་གནས་མི་མང་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད། ཚོགས་ཁང་ནང་ལྷན་འཛོམས་ཀྱིས་གངས་ལྗོངས་ཟློས་གར་ཚོགས་པས་དགའ་བསུའི་གཞས་སྣ་གཟིགས་འབུལ་ཞུས་རྗེས་མང་ཚོགས་འདུ་འཛོམས་ཐོག་དྲི་བར་དྲིས་ལན་དང་། གསུང་བཤད་གནང་གྲུབ་མཚམས་རྒས་གསོ་ཁང་དུ་གཟིགས་སྐོར་དང་རྒན་འཁོགས་ཚོའི་གནས་སྟངས་ལ་ཞིབ་ཚགས་རྟོག་ཞིབ་དང་བཀའ་འདྲི་དང་ལེན་གནང་མཚམས་ཀ་སྦུག་ས་དགོན་བརྩེ་ཆེན་འཕྲིན་ལས་དར་རྒྱས་གླིང་དུ་མཆོད་མཇལ་ལ་ཕེབས་ཡོད། དཔལ་ལྡན་སྲིད་སྐྱོང་ཀ་སྦུག་ནས་ཕེབས་ཐོན་གྱིས་ཏ་ཐ་ག་ཏ་ཚལ་(Budhha Park) ལ་ཕེབས་འབྱོར་གྱིས་འབྲེལ་ཡོད་འགན་འཛིན་སྐུ་ཞབས་(Nim Phuntso) ནས་ཕེབས་བསུའི་སྣེ་ལེན་དང་སྦྲགས་གཟིགས་སྐོར་གནས་བཤད་གནང་རྗེས་ར་ཝང་ལ་གཞིས་ཆགས་སུ་ཕེབས་འབྱོར་གནང་སྐབས་གཞིས་མི་མང་ཚོགས་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་པ་དང་སྦྲགས་དགོང་ཚིགས་འདེགས་འབུལ་དང་རིག་གཞུང་འཁྲབ་སྟོན་གོ་སྒྲིག་གནང་ཡོད།
ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༢༣ ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ས་གནས་ཀྱི་ནད་པ་མྱུར་སྐྱོབ་རླངས་འཁོར་ཞིག་དབུ་འབྱེད་གནང་རྗེས་གཞིས་ཆགས་ཀྱི་ཁྲོམ་ས་དང་ཟ་ཁང་ ༦༠ ཙམ་གྱི་ས་གནས་མང་ཚོགས་འཚོ་རྟེན་སླད་གསར་རྒྱག་ལས་གཞིའི་ས་ཆར་གཟིགས་ཞིབ་གནང་བ་དང་། གཞིས་དགོན་ཐུབ་བསྟན་དར་རྒྱས་གླིང་དང་སླེ་ལུང་དགོན་པར་མཆོད་མཇལ་དང་། ས་གནས་ཉིན་སློབ། སྨན་རྩིས་ཁང་། བརྒྱ་ཤོག་བདུན་པ་དང་གསུམ་པ་བཅས་ལ་འཚམས་གཟིགས་སུ་ཕེབས་གྲུབ་མཚམས་ས་གནས་མི་མང་ཚོགས་འདུར་དྲི་བ་དྲིས་ལན་དང་། གསུང་བཤད་གནང་གྲུབ་མཚམས་ར་ཝང་ལ་ནས་ཕེབས་ཐོན་གནང་སྟེ་སྒང་ཏོག་ཏུ་ཕེབས་འབྱོར་གནང་བ་དང་འབྲེལ་ས་གནས་སུ་གསར་འགོད་པ་གྲངས་ ༡༥ ཙམ་གྱིས་བཅར་འདྲི་ཞུས་པར་ལན་འདེབས་གནང་ཡོད། ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༢༤ ཉིན་གྱི་སྔ་དྲོ་དཔལ་ལྡན་སྲིད་སྐྱོང་མཆོག་སྒང་ཏོག་ནས་ལ་ཆེན་ཕྱོགས་སུ་ཕེབས་ཐོན་གནང་སྟེ་ལམ་བར་ (Kabi Bakchak) ས་གནས་བོད་མི་ཁག་གཅིག་གིས་ཕེབས་བསུའི་སྣེ་ལེན་ཞུས་པ་དང་། ལམ་དུ་སེང་གེ་(Singhik‚ Mangan, Manul) ས་གནས་སུ་བོད་རིགས་ཁག་གཅིག་ལྷན་འབྲས་གཞུང་ཤིང་ནགས་བློན་ཆེན་ཟུར་པ་སྐུ་ཞབས་ཚེ་རིང་དབང་འདུས་ལེབ་ཆ་དང་། སྒང་ཏོག་(SKM) གཞུང་གི་གཙོ་འཛིན་གཞོན་པ་(Vice President) སྐུ་ཞབས་( Gaden Lachung) བཅས་ནས་ཕེབས་བསུ་དང་། དེ་ཁུལ་གྱི་མི་མང་ནས་ཞོགས་ཟས་འདེགས་འབུལ་གནང་། ལམ་བར་སྤ་གོང་དང་གཅུང་ཐང་མི་མང་ནས་ཕེབས་བསུ་སྣེ་ལེན་ཞུས་རྗེས་ཚ་སྟེང་དུ་ཕེབས་ཐོན་གནང་སྟེ་ལ་ཆེན་ཚ་སྟེང་དུ་ཕེབས་འབྱོར་སྐབས་ཐང་མགོ་དང་། ལ་ཆེན། ཚ་སྟེང་། མུ་ཤིས་ཐང་བཅས་ཀྱི་བོད་རིགས་དང་། ལ་ལེན་འཛོམས་སའི་ས་གནས་སྐུ་ཚབ་ནས་ཕེབས་བསུ་སྣེ་ལེན་ཞུས་ཡོད།
དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཚ་སྟེང་མི་མང་ཚོགས་ཁང་ནང་ས་གནས་མང་ཚོགས་ཀྱི་དྲི་བར་དྲིས་ལན་དང་གསུང་བཤད་གནང་རྗེས་ལ་ཆུང་དུ་ཕེབས་འབྱོར་སྐབས་ལ་ཆུང་ཁུལ་བོད་རིགས་དུད་ཚང་བརྒྱད་ཀྱི་སྐུ་ཚབ་ནས་ཕེབས་བསུའི་སྣེ་ལེན་གནང་རྗེས་སྐུ་ཚབ་དང་ལྷན་མང་ཚོགས་ཀྱི་བདེ་སྡུག་གནས་སྟངས་སྐོར་བཀའ་འདྲི་དང་ལེན་གནང་མཚམས་སྤ་གོང་དང་གཅུང་ཐང་ས་གནས་མི་མང་ལྷན་དྲི་བ་དྲིས་ལན་དང་གསུང་བཤད་གནང་། སྤ་གོང་ས་གནས་གཞུང་ལམ་ཉེ་འཁྲིས་བཀའ་འགྱུར་དགོན་པ་དང་། སྤྱི་ཁང་དང་ཁང་ཁུངས་ཁག་གཅིག་རྒྱ་གར་གཞུང་གི་ས་མཚམས་བར་གྱི་གཞུང་ལམ་ལས་གཞིའི་ནང་ཚུད་ཡོད་སྟབས་བློ་གཡེང་བྱེད་ཀྱི་ཡོད་པ་རྒྱ་གར་དབུས་ས་གཉིས་ལ་གུན་གསབ་རོགས་སྐྱོར་ཞུ་སྐུལ་གནང་།
ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༢༥ ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་རུམ་བཏེག་དགོན་པ་དང་གུ་རུ་སྐུ་འབུམ་དགོན་པར་མཆོད་མཇལ་དུ་ཕེབས་སྐབས་གྲུབ་དཔོན་བདེ་ཆེན་རིན་པོ་ཆེ་དང་དབུ་འཛིན་བཅས་ནས་གནས་བཤད་གནང་། དེ་ནས་གཞུང་ཁོངས་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་ལྷན་དུ་བཞུགས་མོལ་ཚོགས་འདུ་ཞིག་ཚོགས་གནང་ཡོད། དེ་ནས་ས་སྐྱ་ངོར་དགོན་དང་གྲོ་མོ་བཀའ་དགོན་ཆོས་གླིང་། སེར་བྱེས་འགྲོ་ཕན་གླིང་དགོན་དུ་མཆོད་མཇལ་ཕེབས་ཡོད། དཔལ་ལྡན་སྲིད་སྐྱོང་མཆོག་རྣམ་རྒྱལ་བོད་ཀྱི་ཤེས་རིག་ཉམས་ཞིབ་ཁང་དུ་ཕེབས་འབྱོར་གྱིས་དབུ་འཛིན་དགེ་ལས་ཡོངས་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཏེ་འགྲེམས་སྟོན་ཁང་དུ་གཟིགས་སྐོར་དང་དབུ་འཛིན་དགེ་ལས་ཡོངས་ལ་གསུང་བཤད་གནང་རྗེས་ཉིན་རྒྱབ་ཡན་
ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༢༦ ཉིན་དཔལ་ལྡན་སྲིད་སྐྱོང་མཆོག་གི
བློན་ཆེན་མཆོག་ནས་སྲིད་སྐྱོང་ཐེ