༄༅། །ཉི་ཧོང་སྐུ་ཚབ་དོན་གཅོད་ཁང་གིས་དེ་སྔ་བོད་ཡིག་འཛིན་གྲྭ་ཞིག་འགོ་འཛུགས་གནང་ཡོད་པ་དེ་ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༣༠ རེས་གཟའ་སྤེན་པ་ཉིན་མཇུག་སྒྲིལ་ཡོད་པ་དང་། བོད་ཡིག་འཛིན་གྲྭ་དེ་ཉིད་ཏོག་དབྱིབས་གཉན་རིམས་ཀྱིས་རྐྱེན་པས་ཉི་ཧོང་གི་རྒྱལ་ས་ཌོག་ཡོ་ (Tokyo) དང་ཁུལ་དེའི་སློབ་ཕྲུག་རྣམས་དངོས་སུ་འཛུལ་ཞུགས་གནང་བ་མ་གཏོགས་དེ་མིན་མང་ཆེ་བ་དྲ་ལམ་བརྒྱུད་འཛུལ་ཞུགས་གནང་ཡོད།སྐབས་དེར་ཉི་ཧོང་སྐུ་ཚབ་དོན་གཅོད་འབུམ་རམས་པ་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་བོད་ཡིག་འཛིན་གྲྭར་འཛུལ་ཞུགས་གནང་མཁན་རྣམས་ཀྱིས་བོད་ཀྱི་ཐུན་མིན་རིག་གཞུང་དང་སྐད་ཡིག་ལ་དོ་སྣང་ཡོད་པའི་ཐོག་སློབ་གཉེར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་ཡོད་པ་མ་ཟད། བོད་ཡིག་འཛིན་གྲྭར་སློབ་གཉེར་གནང་མཁན་རྣམས་ལ་ལག་འཁྱེར་གནང་བ་དང་འབྲེལ་མུ་མཐུད་བོད་ཀྱི་སྐད་ཡིག་སློབ་གཉེར་གནང་དགོས་སྐོར་སོགས་གསུངས།དེ་རྗེས་སློབ་ཕྲུག་རྣམས་ནས་རང་ཉིད་བོད་ཡིག་འཛིན་གྲྭར་སློབ་གཉེར་གནང་སྐབས་ཀྱི་མྱོང་ཚོར་དང་ཁེ་ཕན་སོགས་ཀྱི་སྐོར་གསུངས། ཟླ་གསུམ་བོད་ཡིག་འཛིན་གྲྭ་ཚགས་ཚུད་ཡོང་སླད་ཕྱག་རོགས་གནང་མཁན་འཇིགས་མེད་ཚེ་བརྟན་ལགས་དང་། དང་བླངས་ལས་བྱེད་ཧ་སི་གྷ་བ་ (Hasegawa) ལགས་དང་སུ་ཛུ་ཀི་ (Suzuki) ལགས་རྣམ་གཉིས་ནས་གོ་སྒྲིག་དང་འཆར་འགོད་གནང་ཡོད་པ་བཅས།།
གསར་གནས།
འབྲེལ་གནས།