༄༅། །སྐབས་༡༧ པའི་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་དང་པོའི་ཐོག་བདམས་ཐོན་བྱུང་བའི་བཀའ་ཤག་སྐབས་༡༦པའི་བཀའ་བློན་རྣམ་པ་བཅའ་ཁྲིམས་དོན་ཚན་༢༩ པའི་ནང་གསེས་༢ པའི་དགོངས་དོན། བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་ཤེས་རིག་ལས་ཁུངས་ཀྱི་བཀའ་བློན་དང་། བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་བདེ་སྲུང་ལས་ཁུངས་ཀྱི་བཀའ་བློན། བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་ཕྱི་དྲིལ་ལས་ཁུངས་ཀྱི་བཀའ་བློན་བཅས་ཀྱི་མཛད་ཁུར་ཞུ་རྒྱུ་དང་། ཆོས་རིག་ལས་ཁུངས་དང་། ནང་སྲིད། དཔལ་འབྱོར། འཕྲོད་བསྟེན་བཅས་ཀྱི་བཀའ་བློན་གྱི་མཛད་ཁུར་༧དཔལ་ལྡན་སྲིད་སྐྱོང་མཆོག་ནས་གཅིག་ལྕོགས་གནང་རྒྱུ་ཡིན་པའི་གསལ་བསྒྲགས་སུ། བཀའ་དྲུང་ཡིག་ཚང་ནས་ཕྱི་ལོ་༢༠༢༡ ཟླ་༡༡ ཚེས་༡༠ ལ་ཕུལ།།
གསལ་བསྒྲགས།
གསར་གནས།

འབྲེལ་གནས།
