༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༡༢ ཉིན་ལི་ཐུ་ཝེ་ནི་ཡའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨན་ཌི་ཡུ་སི་ནེ་ཊི་ཀེ་སི་ (Dr. Andrius Navickas) མཆོག་དང་ལི་ཐུ་ཝེ་ནི་ཡའི་གྲོས་ཚོགས་འཐུས་མི་གྲངས་༡༧ བཅས་ཐུན་མོང་གིས་མཚན་རྟགས་བཀོད་དེ་ལི་ཐུ་ཝེ་ནི་ཡའི་གཞུང་དང་། སྲིད་དོན་པ། རྩེད་འགྲན་པ་རྣམས་ཕྱི་ལོ་ ༢༠༢༢ ལོའི་པེ་ཅིན་ཨོ་རྩེད་འགྲན་ཚོགས་སུ་མཉམ་ཞུགས་གནང་རྒྱུ་མེད་པའི་ཞུ་ཡིག་ཕུལ་ཡོད་པ་དང་། ཞུ་ཡིག་དེ་བཞིན་ལི་ཐུ་ཝེ་ནི་ཡའི་རྒྱལ་ཡོངས་བརྙན་འཕྲིན་དང་གསར་འགྱུར་བརྒྱུད་ལམ་(National TV news and media)ཞེས་པའི་ནང་འདོན་སྤེལ་གནང་འདུག
ཐུན་མོང་གི་ཞུ་ཡིག་དེ་ཨིན་ཡིག་དང་ལི་ཐུ་ཝེ་ནི་ཡའི་སྐད་ནང་བསྒྱུར་ཡོད་པ་རེད། རྒྱ་ནག་གཞུང་གིས་བོད་དང་ཡུ་གུར་ནང་དྲག་གནོན་དང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པ་མ་ཟད། ཧོང་ཀོང་དང་ཐའེ་ཝན་ལ་དྲག་སྤྱོད་ཀྱི་བྱ་སྤྱོད་སྤེལ་བཞིན་ཡོད་སྟབས། ལི་ཐུ་ཝེ་ནི་ཡའི་གྲོས་ལི་ཐུ་ཝེ་ནི་ཡའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཨན་ཌི་ཡུ་སི་ནེ་ཊི་ཀེ་སི་ (Dr. Andrius Navickas) མཆོག་དང་ལི་ཐུ་ཝེ་ནི་ཡའི་གྲོས་ཚོགས་འཐུས་མི་གྲངས་༡༧ བཅས་ཐུན་མོང་གིས་ཧ་ཅང་ཐུགས་འཚབ་དང་སྦྲགས་ལི་ཐུ་ཝེ་ནི་ཡའི་གཞུང་དང་། སྲིད་དོན་པ། རྩེད་འགྲན་པ་རྣམས་ལ་ཞུ་ཡིག་ཕུལ་ཏེ་ཕྱི་ལོ་ ༢༠༢༢ ལོའི་པེ་ཅིན་ཨོ་རྩེད་འགྲན་ཚོགས་སུ་མཉམ་ཞུགས་གནང་རྒྱུ་མེད་པའི་རེ་སྐུལ་གནང་ཡོད།
གཞན་ཡང་ཁོང་ཚོས་ལི་ཐུ་ཝེ་ནི་ཡའི་རྒྱལ་ཡོངས་ཨོ་ལེམ་ཕིག་རྩེད་འགྲན་ཚོགས་ཆུང་དང་རྩེད་རིགས་ཚོགས་པ་ཁག་གི་འགོ་ཁྲིད་རྣམས་ཀྱིས་རྒྱལ་སྤྱིའི་རྩེད་རིགས་འགྲན་སྡུར་གྱི་རྩ་འཛིན་ཁག་ལ་བརྩི་སྲུང་ཞུས་པའི་ཐོག་ཕྱི་ལོ་ ༢༠༢༢ ལོའི་པེ་ཅིན་དགུན་དུས་ཨོ་རྩེད་འགྲན་ཚོགས་སུ་མཉམ་ཞུགས་གནང་རྒྱུ་མེད་པའི་འབོད་སྐུལ་གནང་འདུག་པ་བཅས།།