༄༅། །རྒྱ་གར་གྱི་ཤེས་ཡོན་སྲིད་བྱུས་དང་། བཙན་བྱོལ་བོད་མིའི་གཞི་རིམ་ཤེས་ཡོན་སྲིད་བྱུས་གཞིར་བཞག་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་བཙན་བྱོལ་བོད་མིའི་གཞི་རིམ་འོག་མའི་དགེ་རྒན་རྣམས་ལ་ཤེས་ཡོན་གོ་རྟོགས་ཀྱི་ཟབ་སྦྱོང་གནང་ཡོད།
དེ་ཡང་ཤེས་རིག་ལས་ཁུངས་ནས་དྲ་རྒྱ་བརྒྱུད་ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༧ ནས་ ༨ བར་གོ་པལ་པུར་བོད་ཁྱིམ་གྱི་གཞི་རིམ་འོག་མའི་དགེ་རྒན་རྣམས་ལ་ཤེས་ཡོན་གོ་རྟོགས་ཀྱི་ཟབ་སྦྱོང་གནང་ཡོད་པ་དང་། ཕྱི་ཚེས་ ༧ ནས་ ༨ བར་ཤེས་རིག་ལས་ཁུངས་ཀྱི་ཚོགས་ཁང་དུ་རྡ་ས་བོད་ཁྱིམ་ཉིན་སློབ་ཀྱི་དགེ་རྒན་རྣམས་ལ་ཟབ་སྦྱོང་གནང་ཡོད།གཞི་རིམ་འོག་མའི་དགེ་རྒན་རྣམས་ལ་ཤེས་ཡོན་གོ་རྟོགས་ཀྱི་ཟབ་སྦྱོང་གནང་དགོས་པའི་དམིགས་ཡུལ་གཙོ་བོ་ནི། རྒྱབ་ལྗོངས་གཅིག་པ་མ་ཡིན་པའི་སློབ་ཕྲུག་རྣམས་ལ་བདེ་འཇགས་དང་མཉམ་རུབ་ཐོག་སློབ་སྦྱོང་སྦྱོང་སའི་ཁོར་ཡུག་ཅིག་བསྐྲུན་རྒྱུ་དེ་ཡིན། ཏོག་དབྱིབས་གཉན་རིམས་ཀྱི་སྐབས་འདིར་དགེ་རྒན་རྣམ་པས་ཟབ་སྦྱོང་འདི་བརྒྱུད་དགེ་རྒན་དང་སློབ་ཕྲུག་གི་ཕ་མ་མཉམ་འབྲེལ་གྱིས་སློབ་ཕྲུག་གི་དགོས་མཁོ་བསྐྲུན་ཐབས་སྐོར་སྦྱངས་ཡོད། ཤེས་རིག་ལས་ཁུངས་ཀྱི་ལས་བྱེད་བསྟན་འཛིན་དཔལ་སྒྲོན་ལགས་ཀྱིས་ཟབ་སྦྱོང་གནང་ཡོད་པ་དང་། ཨ་རིའི་རོགས་ཚོགས་ (PRM) ཞེས་པས་དཔལ་འབྱོར་གྱི་མཐུན་འགྱུར་གནང་ཡོད་པ་བཅས།།