༄༅། །བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༡ ཉིན་རྒྱ་གར་བྱང་ཕྱོགས་དོན་གྲུབ་གླིང་བོད་མིའི་གཞིས་ཆགས་སུ་རྒྱལ་ཡུམ་ཆེན་མོའི་རྗེས་དྲན་གསེར་གྱི་གཟེངས་རྟགས་རྐང་རྩེད་སྤོ་ལོའི་རྩེད་འགྲན་ཐེངས་ ༢༦ དབུ་འབྱེད་མཛད་སྒོར་སྐུ་མགྲོན་གཙོ་བོར་མགྲོན་འབོད་ལྟར་ཆེད་ཕེབས་གནང་ཡོད་པ་དང་། ཕྱི་ཚེས་ ༢ ཉིན་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་དོན་གྲུབ་གླིང་བོད་མིའི་གཞིས་ཆགས་དང་། མ་སུ་རི། མན་ཌུ་ཝ་ལ། རཱཇ་པུར། བདེ་སྐྱིད་གླིང་བཅས་ཀྱི་ས་གནས་ཏོག་དབྱིབས་གཉན་རིམས་ཛ་དྲག་ལས་དོན་ཚོགས་ཆུང་དང་ལྷན་ཚོགས་འདུ་བསྐོང་ཚོགས་གནང་ཡོད་པ་མ་ཟད། བདེ་སྐྱིད་གླིང་ས་གནས་འཕྲོད་བསྟེན་སྨན་ཁང་དུ་ཆེད་ཕེབས་ཀྱིས་སྨན་ཁང་གི་ལས་བྱེད་དང་ལྷན་ཚོགས་འདུ་བསྐོང་ཚོགས་གནང་ཡོད། ཕྱོགས་མཚུངས་འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ལ་ཁན་ཝ་ལ་བོད་མིའི་གཞིས་ཆགས་དང་། ཕྱི་ཉིན་ས་ཏོན་ཁམས་ཀཿཐོག་བོད་མིའི་གཞིས་ཆགས། ཀུམ་རའོ་སྒ་པ་བོད་མིའི་གཞིས་ཆགས། པུར་ཝཱ་ལཱ་ས་སྐྱ་གཞིས་ཆགས། པོན་ཊཱ་ཆོལ་གསུམ་བོད་མིའི་གཞིས་ཆགས་བཅས་སུ་ཆེད་ཕེབས་ཀྱིས་ས་གནས་ཏོག་དབྱིབས་གཉན་རིམས་ཛ་དྲག་ལས་དོན་ཚོགས་ཆུང་དང་ལྷན་ཚོགས་འདུ་བསྐོང་ཚོགས་དང་ས་གནས་སུ་ལས་གཞི་ལག་བསྟར་གནང་མུས་ཁག་ལ་རྟོག་ཞིབ་གནང་ཡོད་པ་བཅས། །
གསར་གནས།
འབྲེལ་གནས།