༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༢༣ རེས་གཟའ་སྤེན་པ་ཉིན་བྱང་ཨ་རི་སྐུ་ཚབ་དོན་ཁང་གིས་དྲ་ལམ་བརྒྱུད་བྱང་ཨ་རི་ཁུལ་གྱི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭ་ཁག་གི་འགན་འཛིན་དང་ལྷན་ཚོགས་འདུ་བསྐོང་ཚོགས་གནང་ཡོད་པ་དང་། ཚོགས་འདུའི་ཐོག་བྱང་ཨ་རི་དང་ཁེ་ན་ཌ་ཁུལ་གྱི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭ་ཁག་ ༢༠ ནས་སློབ་གྲྭའི་འགན་འཛིན་ ༢༨ མཉམ་ཞུགས་གནང་ཡོད།
སྐབས་དེར་བྱང་ཨ་རི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་ཀྱིས་འཚམས་འདྲི་དང་འབྲེལ་ཚོགས་འདུ་བསྐོང་ཚོགས་གནང་དགོས་པའི་དགོས་དམིགས་སོགས་ངོ་སྤྲོད་གནང་བ་དང་སྦྲགས། བོད་ནང་རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་རྩ་བརླག་ཏུ་གཏོང་ཆེད་བོད་ཡིག་སློབ་ཁྲིད་བྱེད་རྒྱུའི་ཚབ་ཏུ་རྒྱ་ཡིག་སློབ་ཁྲིད་བྱེད་བཞིན་ཡོད་པར་བརྟེན། ཕྱི་རྒྱལ་དུ་ཡོད་པའི་བོད་མི་རྣམས་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་བདག་གཅེས་བྱེད་དགོས་རྒྱུའི་ལས་འགན་ཡོད་སྟབས། རང་ཉིད་ཀྱི་ཕྲུ་གུར་བོད་ཀྱི་ཐུན་མིན་སྐད་ཡིག་དང་རིག་གཞུང་སོགས་སློབ་ཁྲིད་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་པ་ཙམ་དུ་མ་ཟད། བོད་མི་གཞོན་སྐྱེས་ཚོས་བོད་སྐད་བསྐྱོན་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་སོགས་གསུངས།
དེ་རྗེས་གཟའ་འཇུག་སློབ་གྲྭ་ཡར་རྒྱས་གཏོང་ཕྱོགས་སྐོར་དང་། དགེ་རྒན་རྣམས་ལ་སློབ་འཁྲིད་ཐབས་