༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༡༧ ཉིན་བོད་རིགས་རྒྱང་རྒྱུག་རུ་ཁག་ཇར་མ་ནཱིའི་རྒྱང་རྒྱུག་པ་རྣམས་དང་ལྷན་དུ་ཇར་མ་ནཱིའི་གྲོང་ཁྱེར་བྷོན་ (Bonn) དང་། ལོ་རྒྱུས་ཀྱི་རྒྱབ་ལྗོངས་ལྡན་པའི་གྲོང་ཁྱེར་གཞན་ཁག་གཅིག་གི་ནང་རྒྱང་རྒྱུག་གནང་ཡོད།
དེ་ཡང་ཇར་མ་ནཱིའི་བྱང་ར་ཡན་ཝེ་སི་ཊི་ཧྥེ་ལི་ཡ་ (North-Rhine-Westphalia) མངའ་སྡེའི་ནང་ཡོད་པའི་ས་གནས་བོད་རིགས་ཚོགས་པ་ཐེངས་འདིའི་རྒྱང་རྒྱུག་གི་ལས་འགུལ་ལ་མཉམ་ཞུགས་ཀྱིས་བོད་དོན་སྐོར་གོ་རྟོགས་སྤེལ་ཡོད། ཇར་མ་ནཱིའི་བོད་རིགས་ཚོགས་པའི་ཚོགས་གཙོ་བསྟན་འཛིན་ཡེ་ཤེས་ལགས་ཀྱིས། རྒྱང་རྒྱུག་གི་ལས་འགུལ་ནང་ཞུགས་དགོས་པའི་རྒྱུ་མཚན་ནི་བོད་དོན་སྐོར་གོ་རྟོགས་དང་། ཇར་མ་ནཱིའི་གཞུང་མང་གཉིས་ནས་བོད་མི་རྣམས་ལ་རྒྱབ་སྐྱོར་གནང་དང་གནང་བཞིན་པར་ཐུགས་རྗེ་ཆེ་ཞུ་རྒྱུ། དེ་བཞིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས་འབུལ་བཞེས་མཛད་ནས་ལོ་ངོ་ ༡༤ འཁོར་བའི་དུས་དྲན་སྲུང་བརྩི་ཞུ་སླད་རྒྱང་རྒྱུག་གི་ལས་འགུལ་ལ་མཉམ་ཞུགས་གནང་ཡོད་པའི་སྐོར་གསུངས།།
བོད་པའི་རྒྱང་རྒྱུག་རུ་ཁག་གིས་བོད་དོན་སྐོར་གོ་རྟོགས་སྤེལ་བ།
གསར་གནས།
འབྲེལ་གནས།