༄༅། །འདི་གར་ཚོགས་དྲུང་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༩ སྔ་དྲོ་བདམས་ཐོན་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། ཚོགས་གཞོན་སྤྱི་འཐུས་སྒྲོལ་མ་ཚེ་རིང་མཆོག་རྣམ་གཉིས་མཛད་འཁུར་དམ་འབུལ་མ་ཞུས་གོང་། སྔ་དྲོ་ཆུ་ཚོད་ ༧། ༠༠ ནས་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དང་། གནས་ཆུང་གྲྭ་དབྱངས་གླིང་གྲྭ་ཚང། དགའ་གདོང་གསལ་བྱེད་གླིང་གྲྭ་ཚང་བཅས་སུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དྲུང་དང་། ཚོགས་གཙོ་སྦྲེལ་པོའི་སྒེར་དྲུང་གཉིས་བཅས་ཀྱིས་སྣེ་ཤན་ཞུས་ཏེ་གནས་གཟིགས་སུ་ཕེབས་ཡོད་པ་བཅས། །
གསར་གནས།
འབྲེལ་གནས།