༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༧ ཉིན་ལྷོ་ཨ་ཕི་རི་ཀའི་ཡི་ཤུའི་མཆོད་དཔོན་སྐུ་ཞབས་ཌེ་སི་མོན་ཊུ་ཊུ་ (Archbishop Desmond Tutu) མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་འཁྲུངས་སྐར་གྱི་རྟེན་འབྲེལ་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཊུ་ཝི་ཊར་ (Twitter) བརྒྱུད་འཚམས་འདྲི་གནང་དོན། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་སྐུ་ཉིད་དབར་གྲོགས་པོའི་མཛའ་འབྲེལ་གཏིང་ཟབ་ཡོད་པས་ང་ཚོ་ཆེས་སྤྲོ་སྣང་གིས་ཁེངས་ཡོད་ལ། མགོན་པོ་གང་ཉིད་དང་སྐུ་ཉིད་ཀྱི་གྲོགས་པོའི་མཛའ་འབྲེལ་དེས་འགྲོ་བ་མི་བཟང་པོ་ཞིག་བྱེད་པར་བློ་སྐྱེད་སྟེར་ངེས་ཡིན། སྐུ་ཉིད་སྐུ་ཚེ་ཡུན་རིང་བརྟན་པ་དང་། འཛམ་གླིང་མི་མང་གིས་མུ་མཐུད་སྐུ་ཉིད་ཀྱི་རྣམ་དཔྱོད་རྟོགས་ཐུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན། ཞེས་འཁོད་ཡོད་བཅས།།
གསར་གནས།
འབྲེལ་གནས།