༄༅། །ཨོ་ཌི་ཤ་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་ཀྱི་གཞིས་མི་ཡོངས་ལ་ཏོག་དབྱིབས་གཉན་རིམས་ཀྱི་
དེ་ཡང་མངའ་སྡེ་གཞུང་དང་རི་དགོན་ཐུབ་བསྟན་སྨིན་གྲོལ་གླིང་དགོན་པ་གཉིས་ཀྱི་གོ་སྒྲོག་དང་། ས་གནས་འགོ་འཛིན་ལས་ཁུངས། སྨན་བླ་སྨན་ཁང་གི་མཐུན་འགྱུར་འོག་ཕྱི་ལོ་ ༢༠༢༡ ཟླ་ ༩ ཚེས་ ༢༡ དང་ ༢༢ བཅས་ཉིན་གྲངས་གཉིས་རིང་ཨོ་ཌི་ཤ་ཕུན་ཚོགས་གླིང་བོད་མིའི་གཞིས་ཆགས་སུ་ཡོད་པའི་རི་དགོན་ཐུབ་བསྟན་སྨིན་གྲོལ་གླིང་དགོན་པར་གཞིས་དགོན་གཉིས་ཀྱི་སྐྱ་སེར་ཕོ་མོ་རང་ལོ་ ༡༨ ཡན་གྱི་ཁྱོན་མི་གྲངས་ ༤༥༠ ཙམ་ལ་ཏོག་དབྱིབས་གཉན་རིམས་ཀྱི་སྔོན་འགོག་སྨན་ཁབ་རིམ་པ་སྔ་ཕྱི་གཉིས་ཀ་བརྒྱབ་ཡོད།དེ་ཡང་ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༢༥ ཉིན་རི་དགོན་ཐུབ་བསྟན་སྨིན་གྲོལ་གླིང་དགོན་པའི་གདུང་སྲས་འཇིགས་མེད་རིན་པོ་ཆེ་མཆོག་གིས་མཐུན་འགྱུར་འོག་གཞིས་མི་སྐྱ་སེར་ཁྱོན་མི་གྲངས་ ༤༡༧ ཙམ་ལ་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་བརྒྱབ་ཡོད་པ་དང་། སྔོན་འགོག་སྨན་ཁབ་སྔ་ཕྱི་བསྐྱོན་པའི་སྐབས་ས་གནས་སྨན་བླ་སྨན་ཁང་ནས་མཐུན་རྐྱེན་སྦྱོར་སྤྲོད་གནང་ཡོད་པ་བཅས། །