༄༅། །འདི་གར་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༡ ཟླ་ ༩ ཚེས་ ༢༠ ནས་ཚེས་ ༢༣ བར་ཉིན་བཞིའི་རིང་ཤེས་རིག་ལས༌ཁུ
དེ་ཡང་སྔོན་འགྲོ་ནས་གཞི་རིམ་བར་ མ་འཛིན་རིམ་བརྒྱད་པ་བར་གྱི་བསླ བ་གཞིའི་རྩ་འཛིན་ཕྱི་ལོ་ ༢༠༠༨ དང་ ༢༠༡༠ སོ་སོར་བཀའ་ཤག་གིས་གཏན་འབེབས་ གནང་ནས་ད་བར་ལོ་བཅུ་ལྷག་འགོར་ཡོ ད་སྟབས། ཨིན་ཇིའི་སྐད་ཡིག་གི་བསླབ་གཞི་ རྩ་འཛིན་བསྐྱར་ཞིབ་ཀྱིས་གཏན་འབེ བས་ཞུས་ཟིན་པ་དང་། བོད་ཀྱི་སྐད་ཡིག་གི་བསླབ་གཞིའི་ རྩ་འཛིན་ཡང་བསྐྱར་ཞིབ་བྱེད་དགོ ས་གལ་མཐོང་སྟེ་བསྐྱར་ཞིབ་ཀྱིས་ རགས་ཟིན་ལེགས་པར་གྲུབ་པ་དང་། གོང་ཚེས་ཉིན་ཤེས་རིག་ལས་ཁུངས་ཀྱི ་བོད་ཡིག་ཤེས་ཡོན་འགན་འཛིན་དངོ ས་གྲུབ་བསྟན་པ་ལགས། ཤེས་ཡོན་ལྷན་ཚོགས་ཡིག་ཚང་གི་སློ བ་དེབ་ཚན་པའི་འགན་འཛིན་དགེ་འདུ ན་དོན་ཡོད་ལགས། བོད་ཡིག་སློབ་དེབ་རྩོམ་སྒྲིག་པ་ ཟུར་པ་བཀྲ་ཤིས་རྡོ་རྗེ་ལགས། སློབ་དེབ་རྩོམ་སྒྲིག་པ་བསྟན་འཛི ན་དཔལ་ལགས། དྷ་ས་བོད་ཁྱིམ་གྱི་བོད་ཡིག་རྒྱུ ས་སྟོན་པ་མིང་ཆུང་ལགས་དང་། སུ་ཇཱ་བོད་ཁྱིམ་གཞི་རིམ་བར་མའི་ བོད་དགེ་བསྟན་འཛིན་ཆོས་སྐྱབས་ ལགས་དང་། གཞི་རིམ་འོག་མའི་བོད་དགེ་འཇམ་ མགོན་ལགས། དྷ་ཤོད་བོད་ཁྱིམ་གྱི་གཞི་རིམ་འོ ག་མའི་བོད་དགེ་བསྟན་འཛིན་དཔལ་སྐྱི ད་ལགས། དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སྔོན་དགེ་བྱམས་པ་དཔལ་མོ་ལགས། སམ་བྷོ་ཊ་བོད་སློབ་ཚོགས་པའི་བོ ད་ཡིག་རྒྱུས་སྟོན་པ་པ་སངས་ཚེ་རི ང་ལགས་དང་། མེས་དབོན་གཙུག་ལག་དཔེ་སྟོན་སློ བ་གྲྭའི་གཞི་རིམ་བར་མའི་བོད་དགེ ་ཟླ་བ་ཚེ་རིང་ལགས། གངས་སྐྱིད་དཔེ་སྟོན་སློབ་གྲྭའི་ སྔོན་དགེ་པ་སངས་ལགས། མ་སུ་རི་བོད་ཁྱིམ་སློབ་གྲྭའི་བོ ད་ཡིག་རྒྱུས་སྟོན་པ་བཟང་པོ་བཅས་ ལྷན་འཛོམས་ཀྱིས་རགས་ཟིན་སྟེང་གོ ་བསྡུར་སྦྱངས་བཤད་ཀྱིས་སྣོན་འཕྲི ་སྤོར་གཅོག་གང་འོས་ཞུས་ཏེ་མཐའ་ མའི་རགས་ཟིན་གཏན་འབེབས་གནང་བ་ དང་། རགས་ཟིན་འདི་བཞིན་ཞུ་དག་སོགས་ལེ གས་པར་གྲུབ་རྗེས་བཙན་བྱོལ་བོད་ མིའི་ཤེས་ཡོན་ལྷན་ཚོགས་དང་། ཤེས་ཡོན་སློབ་སྟོན་ཚོགས་ཆུང་གི་ ལྷན་ཚོགས་སྟེང་མཐའ་མའི་གཏན་འབེ བས་ཆེད་འབུལ་འཆར་ཡོད་པ་དང་། ཐེངས་འདིའི་ཚོགས་འདུ་ཌེ་ན་ཊ་རོ གས་ཚོགས་ཀྱི་མཐུན་འགྱུར་རོགས་ རམ་འོག་ཚོགས་ཡོད་པ་བཅས།