༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༩ ཚེས་ ༢༥ རེས་གཟའ་སྤེན་པ་ཉིན་སུད་སི་དང་ལིག་ཊེན་ཚིན་ཁུལ་གྱི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་ཚོགས་ཆེན་ཐེངས་གཉིས་པ་དེ་སུད་སི་དང་ལིག་ཊེན་ཚིན་བོད་རིགས་མི་མང་གི་ཚོགས་ཁང་དུ་བསྐོང་ཚོགས་གནང་ཡོད།
དེ་ཡང་ཚོགས་ཆེན་ཐོག་སུད་སིའི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་དང་ལས་བྱེད་སྐལ་ལྡན་མཚོ་མོ་ལགས། བོད་ཀྱི་སྐད་ཡིག་དང་གཞུང་སློབ་གྲྭ་ཁག་བཅོ་བརྒྱད་ཀྱི་འགན་འཛིན་དང་སྐུ་ཚབ་བཅས་མཉམ་ཞུགས་གནང་ཡོད།
སྐབས་དེར་བོད་སློབ་སྤྱི་ཁྱབ་འགན་འཛིན་ཚེ་དབང་མུན་སེལ་ལགས་ཀྱིས་སུད་སི་དང་ལིག་ཊེན་ཚིན་ཁུལ་གྱི་བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་གྲྭའི་ལས་བསྡོམས་དང་། ཕྱི་ལོ་ ༢༠༢༡ ཟླ་ ༧ ཚེས་ ༢༧ ནས་ཟླ་ ༨ ཚེས་ ༢ བར་རི་པ་རྒྱལ་སྤྱིའི་ནང་པའི་ཆོས་ཚོགས་ (RIPA International Buddhist Center) སུ་སུད་སིའི་བོད་རིགས་སློབ་ཕྲུག་རྣམས་ལ་དབྱར་དུས་བོད་ཀྱི་རིག་གནས་ཟབ་སྦྱོང་གོ་སྒྲིག་གནང་བའི་སྐོར་ངོ་སྤྲོད་གནང་། ཕྱི་ལོ་ ༢༠༢༢ ལོར་ཡང་དབྱར་དུས་བོད་ཀྱི་རིག་གནས་ཟབ་སྦྱོང་གོ་སྒྲིག་གནང་རྒྱུའི་ཐག་གཅོད་བྱུང་ཡོད།སུད་སིའི་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་ཀྱིས་སྤྱི་ཁྱབ་འགན་འཛིན་དང་དགེ་རྒན་རྣམས་ཀྱིས་དང་བླངས་ཐོག་སྤྱི་ཚོགས་ཞབས་ཕྱི་ཞུས་པ་དང་། ལྷག་པར་སློབ་ཕྲུག་རྣམས་ལ་རང་གི་སྐད་ཡིག་དང་གོམས་གཤིས་སོགས་སྦྱོང་འཁྲིད་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་ཡོད་པ་མ་ཟད། ཕྲུ་གུ་རྣམས་གཟའ་མཇུག་སློབ་གྲྭར་བཏང་བ་ཙམ་མིན་པར་ཕ་མའི་ངོས་ནས་རང་ཁྱིམ་དུའང་སློབ་སྦྱོང་སྤྲོད་དགོས་སྐོར་སོགས་གསུངས།
མཐར་སུད་སི་དང་ལིག་ཊེན་ཚིན་བོད་རི