༄༅། །བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་སེམས་ཁམས་འཕྲོད་བསྟེན་ཚན་པ་དང་། རྒྱ་གར་གྱི་གོ་ཝཱ་མངའ་སྡེ་ནང་རྟེན་གཞི་བྱས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་སང་གཱ་ཐི་ (Sangath) ཞེས་པ་གཉིས་ཀྱི་གོ་སྒྲིག་འོག་ཕྱི་ལོ་ ༢༠༢༡ ཟླ་ ༨ ཚེས་ ༣༠ ནས་ཟླ་ ༩ ཚེས་ ༦ བར་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་བཅུའི་སྨན་ཞབས་པ་ཁྱོན་མི་གྲངས་ ༡༦ ལ་སེམས་ཁམས་འཕྲོད་བསྟེན་སློབ་གསོ་གནང་ཕྱོགས་སྐོར་སྦྱོང་བརྡར་རིམ་པ་དང་པོ་གནང་ཡོད་པ་དང་། ཕྱི་ཟླ་དགུ་པའི་ཟླ་མཇུག་ལ་སྨན་ཞབས་པ་རྣམས་ལ་རིམ་པ་གཉིས་པའི་སྦྱོང་བརྡར་གནང་གཏན་འཁེལ་ཡོད།
སྦྱོང་བརྡར་གྲུབ་རྗེས་རྒྱ་གར་གྱི་གོ་ཝཱ་མངའ་སྡེ་ནང་རྟེན་གཞི་བྱས་པའི་གཞུང་འབྲེལ་མིན་པའི་སང་གཱ་ཐི་ཚོགས་པའི་སེམས་ཁམས་འཕྲོད་བསྟེན་སློབ་སྟོན་པས་སྨན་ཞབས་པ་རྣམས་ལ་ཟླ་གྲངས་གསུམ་རིང་བདུན་ཕྲག་རེ་རེར་སེམས་ཁམས་འཕྲོད་བསྟེན་སློབ་གསོ་དང་འབྲེལ་བའི་ལམ་སྟོན་གནང་རྒྱུ་ཡིན་པ་བཅས།།
འཕྲོད་བསྟེན་ལས་ཁུངས་ནས་སྨན་ཞབས་པ་རྣམས་ལ་སེམས་ཁམས་འཕྲོད་བསྟེན་སློབ་གསོ་སྐོར་སྦྱོང་བརྡར་གནང་བ།
གསར་གནས།
འབྲེལ་གནས།