༄༅། །བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་དྷ་ས་མེག་གྷན་དུ་རྟེན་གཞི་བྱེད་པའི་སྣེ་ལེན་ཁང་རྙིང་པའི་འོག་ཐོག་ཏུ་ཚོང་ཁང་གཅིག་ཡོད་པ་རང་རིགས་སྤྱི་སྒེར་སུ་རུང་ལ་རིན་ཚད་འགྲན་བསྡུར་གྱི་ལམ་ནས་གཉིས་མོས་ཆོད་གན་ཐོག་བོགས་གཏོང་ཞུ་རྒྱུ་ལགས་ན། གཤམ་གསལ་ཚོང་ཁང་བོགས་ལེན་ཞུ་བློ་ཡོད་རིགས་ནས་ཕྱི་ལོ་ ༢༠༢༡།༩།༡༥ འགྱངས་མེད་འདི་ག་ནང་སྲིད་ལས་ཁུངས་སུ་ཞུ་སྙན་འབུལ་ཟིན་པ་དགོས།
ཚོང་ཁང་གི་རྒྱ་ཁྱོན་གྲུ་བཞི་མ་ཞིབ་གསལ་ལྟར་ཡིན།
དགོས་ངེས་ཆ་རྐྱེན།
༡༽ བཙན་བྱོལ་བོད་མིའི་དྭང་བླངས་དཔྱ་དངུལ་འབུལ་འབབ་གཙང་ཕུལ་ཟིན་པས་དཔྱ་དེབ་ངོ་བཤུས།
༢༽ བོགས་མའི་དུས་ཡུན་རིང་ནང་ཤུགས་དང་བར་གླ་གཏོང་རིགས་གཏན་ནས་མི་ཆོག
༣༽ ཞིབ་ཕྲའི་ཆ་རྐྱེན་གཉིས་མོས་གན་ཡིག་གཞིར་བཟུང་རྩ་འཛིན་ལག་བསྟར་བྱ་རྒྱུ།
༤༽ ནང་མི་གཅིག་གིས་ཚོང་ཁང་གང་རུང་གཅིག་ལ་མ་གཏོགས་འཚང་སྙན་འགྲན་བསྡུར་འབུལ་མི་ཆོག
ཚོང་ཁང་གི་ཟླ་རེའི་བོགས་རིན་དམའ་མཐར་ཚད་གཞི་གོང་གསལ་ལྟར་ཡིན། འོན་ཀྱང་དོ་བདག་སོ་སོས་འཚང་སྙན་འབུལ་ སྐབས་བོགས་རིན་མཐོ་ཤོས་འབུལ་ཐབས་ཇི་ཡོད་ཁ་གསལ་འགོད་ཐོག་འབྲེལ་གཏུགས་ཁ་པར་ཨང་གྲངས་བཅས་བཀོད་ཏེ་ནང་ སྲིད་ལས་ཁུངས་སུ་དུས་བཀག་ནང་ཚུད་འབུལ་འབྱོར་ཟིན་པ་དགོས། ཚོང་ཁང་རེ་རེའི་བོགས་རིན་མཐོ་ཤོས་འབུལ་མཁན་སུ་ བྱུང་དེར་བོགས་གཏོང་བྱ་རྒྱུའི་གསལ་བསྒྲགས་དང་སྦྲགས་བོགས་གཏོང་གི་དུས་ཡུན་དང་གཞན་ཆ་རྐྱེན་འཁོད་པའི་གཉིས་མོས་ གན་འཇོག་གནང་རྒྱུ་བཅས་ཀྱི་གསལ་བསྒྲགས་སུ། ནང་སྲིད་ལས་ཁུངས་ནས་ཕྱི་ལོ་ ༢༠༢༡ ཟླ་ ༠༨ ཚེས་ ༣༡ ལ།།