༄༅། །འདི་ག་ནང་སྲིད་ལས་ཁུངས་ཀྱི་ཐད་ཀའི་འཛིན་སྐྱོང་འོག་སྦེལ་ཀོབ་སྐྱེ་ལྡན་སོ་ནམ་ཉམས་ཞིབ་དང་སྦྱོང་བརྡར་ཁང་དུ་གསར་རྒྱག་ཞུས་པའི་ (Tara Kisan Villa) ཞེས་པའི་མགྲོན་ཁང་དང་ཟ་ཁང་གཉིས་སྨན་ཆེད་རང་རིགས་སྤྱི་སྒེར་ཁག་ལ་གཉིས་མོས་ཆོད་གན་གྱི་ལམ་ནས་བོགས་གཏོང་ཞུ་རྒྱུ་ཡིན་ན་མཐུན་རྐྱེན་དང་དགོས་ངེས་ཆ་རྐྱེན་ཁག་གཤམ་གསལ་ལ་ཐུགས་གནང་ཡོང་བ་ཞུ།
ཀ། མགྲོན་ཁང་།
- མགྲོན་ཁང་ཆགས་ཡུལ་ནི་གདན་ས་ཆེན་པོ་སེ་ར་ཆོས་སྒར་གྱི་ཉེ་འཁྲིས་སུ་གནས་པའི་སྦེལ་ཀོབ་སྐྱེ་ལྡན་སོ་ནམ་ཉམས་ཞིབ་དང་སྦྱོང་བརྡར་ཁང་དུ་ཆགས་ཡོད་ཅིང་། མགྲོན་ཁང་གི་བཟོ་བཀོད་ནི་དེང་དུས་ཀྱི་སྒྱུ་རྩལ་རང་བཞིན་ལྡན་ཡོད་ལ། རྒྱུ་ཆའི་ཐད་ཚད་མཐོའི་སྤུས་ཚད་ལྡན་པའི་རྒྱུ་ཆ་བཀོལ་སྤྱོད་བྱས་ཡོད།
- མགྲོན་ཁང་ནང་ཁང་མིག་ ༡༩ ཡོད་ཅིང་མགྲོན་ཁང་གི་དཀྱིལ་དབུས་སྒོ་རའི་མཐའ་སྐོར་ནང་ཉི་འོད་ཁྲ་ལྷམ་མེར་ཤར་ཏེ་ཉི་མའི་བཀྲག་མདངས་འཕྲོ་བཞིན་ཡོད།
མགྲོན་ཁང་གི་ཁང་མིག་བསྡོམས་ ༡༩ ཡོད་པ་ཞིབ་གནས་གཤམ་གསལ། ཁ། ཟ་ཁང་།
ཟ་ཁང་ནང་དུ་སྐུ་མགྲོན་གྲངས་ ༢༤ དང་ཟ་ཁང་གི་སྒོ་རྭའི་བར་འཁྱམས་སུ་སྐུ་མགྲོན་ ༢༠ ཡི་ཤོང་ཚད་ཡོད་ཅིང་། ཐབ་ཚང་ནང་དེང་དུས་ཀྱི་བཟོ་བཀོད་དང་མཐུན་རྐྱེན་རང་སྒྲིག་ཡོད།
ག མགྲོན་ཁང་གི་ཕྱི་ངོས་སུ་ཚད་ལྡན་གྱི་ཆེད་ལས་པའི་བཀོད་རིས་ལྟར་མོ་ཊ་དང་མིའི་འགྲོ་ལམ་ཚད་ལྡན་ཡོད་ཐོག སྤང་དང་མེ་ཏོག རྩེ་ཤིང། དེ་བཞིན་ཆར་ཆུ་གསོག་ཆེད་ཀྱི་ཆུ་རྫིང་དང་། ལུས་སྦྱོང་དང་ངལ་གསོ་རྒྱག་ས་སོགས་ཡིད་དུ་འོང་བའི་ཕྱིའི་ཡུལ་ལྗོངས་ཀྱི་བཀོད་པ་བསྐྲུན་ཡོད།
ང་། དགོས་ངེས་ཀྱི་ཆ་རྐྱེན་ཁག་ནི།
༡། དྭང་བླང་དཔྱ་དངུལ་དུས་འབུལ་ཟིན་པས་ལག་དེབ་ཀྱི་ངོ་བཤུས།
༢། རྒྱ་གར་དུ་གནས་སྡོད་ཆོག་པའི་སྐྱབས་བཅོས་ལག་དེབ་དུས་འགྱངས་ཞུས་ཟིན་པའི་ངོ་བཤུས།
༣། བོགས་གཏོང་རྒྱན་ཁོངས་ནང་ཁྱིམ་ཚང་གཅིག་ནས་ནང་མི་གཅིག་མ་གཏོགས་འཛུལ་ཞུགས་མི་ཆོག
༤། བོགས་གཏོང་རྒྱན་ཐོབ་མཁན་ནས་ཉིན་དེ་རང་དུ་ལོ་གཅིག་གི་བོགས་གླའི་འབབ་གཏའ་འཇོག་བྱ་དགོས།
༥། བོགས་མའི་དུས་ཡུན་རིང་ནང་ཤུགས་དང་བར་གླ་གཏོང་རིགས་གཏན་ནས་མི་ཆོག
༦། ཞིབ་ཕྲའི་ཆ་རྐྱེན་གཞན་རྣམས་གཉིས་མོས་གན་ཡིག་གཞིར་བཟུང་རྩ་འཛིན་ལག་བསྟར་བྱ་རྒྱུ།
༧། བོགས་དངུལ་རྣམས་དངུལ་ཁང་གི་དངུལ་འཛིན་སྟེང་འབུལ་དགོས།
མགྲོན་ཁང་དང་ཟ་ཁང་རིན་བསྡུར་ཚོང་བསྒྱུར་ (Auction) གྱི་ཐོག་མའི་གོང་ཚད་ནི་མགྲོན་ཁང་དང་ཟ་ཁང་གཉིས་ཀར་ལོ་རེར་སྒོར་འབུམ་ ༢༠ ནས་འགོ་འཛུགས་ཞུ་རྒྱུ་དང་། དེ་ཡང་ལོ་ལྔ་བར་ཟླ་རེའི་བོགས་གླ་རང་འཇགས་གནས་རྒྱུ། བོགས་ལེན་ཞུ་བློ་ཡོད་རིགས་ནས་དོ་བདག་རང་ཉིད་ཀྱི་ཞུ་སྙན་ནང་བོགས་རིན་འབུལ་འབབ་གསལ་འཁོད་ཐོག་འབྲེལ་གཏུག་བྱ་ཡུལ་གྱི་ཁ་བྱང་ཁ་གསལ་ཞིག་གཤམ་འཁོད་ཁ་བྱང་ཐོག་ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༢༩ འགྱངས་མེད་ཕུལ་འབྱོར་ཐུབ་པ་དགོས་རྒྱུའི་ཡོངས་ཁྱབ་གསལ་བསྒྲགས་སུ། བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལས་ཁུངས་ནས་ཕྱི་ལོ་ ༢༠༢༡ ཟླ་ ༩ ཚེས་ ༢༩ ལ།།
མགྲོན་ཁང་གི་ཕྱི་ནང་བཀོད་དབྱིབས་དང་མཐེུན་ཇི་ཡོད་པར་རིས་ཁག་གཤམ་གསལ་ལ་གཟིགས་རོགས།
ཁ་བྱང་།
Executive Secretary,
Department of Home – CTA
Gangchen Kyishong, Dharamshala – 176215
Distt. Kangra, Himachal Pradesh – India
Email: [email protected] /[email protected]
Phone: 01892-222412/222214