༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༩ ཚེས་ ༣༠ རེས་གཟའ་ཕུར་བུ་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ནས་རྒྱ་ནག་གཞུང་གི་རྒྱབ་ཤ་དཀར་པོའི་ཡིག་ཆར་ལན་འདེབས་ཀྱི་གསར་འགོད་ལྷན་ཚོགས་ཤིག་བསྐོང་ཚོགས་གནང་ཡོད།
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་དྲུང་འཕར་བསྟན་འཛིན་ལེགས་བཤད་ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་རྒན་པ་བསྟན་འཛིན་བདེ་གསལ་ལགས། ཕྱི་ནང་གི་གསར་འགོད་པ་བཅས་ལྷན་འཛོམས་ཀྱིས་ཐོག་མར་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གསུང་བཤད་གནང་དོན། ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༢༣ ཉིན་རྒྱ་ནག་གཞུང་ངོས་ནས་བོད་བཅི
ད་རེས་ཕྱི་དྲིལ་ལས་ཁུངས་ནས་འགན་
དོན་ཚན་གཉིས་པ་ནི། བོད་ནང་བཙན་འཛུལ་བྱས་ནས་སྡུག་རྩུ
དེའི་སྒང་ལ་ཆོས་དད་རང་དབང་ཐོག་ལ་རྒྱ་ནག་གཞུང་གིས་ང་ཚོའི་ཆོས་ཕྱོགས་ཀྱི་གནའ་སྔ་མོའི་འགྲོ་སྟངས་དང་འགྲོ་ལུགས་བསྒྱུར་བཅོས་ཇི་ལྟར་གཏོང་དགོས་སྐོར་དང་། དེའི་ནུས་པ་ཇི་ལྟར་མེད་པ་བཟོས་པ། སྟངས་འཛིན་དང་སིམ་འཛུལ། གསང་མྱུལ། དགོན་པའི་ནང་འཛིན་སྐྱོང་སྟངས་འཛིན་བྱེད་མཁན་གྱི་རྒྱ་ནག་གཞུང་གི་སྡེ་ཚན་མི་འདྲ་བའི་ལས་སྣེ་འཛུགས་རྒྱུའི་སྐོར། སྤྲུལ་སྐུའི་ཡང་སྲིད་ཐག་གཅོད་བྱེད་རྒྱུའི་གནད་དོན་ཐོག་ལའང་འགྲེལ་བཤད་ཆ་ཚང་ཞིག་བརྒྱབ་ཡོད། གཞན་ཡང་ཁྱོན་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་སྒང་ལ་འགྲོ་བ་མིའི་ཀུན་སྤྱོད་ཀྱི་གནས་བབ་ཐོག་རྒྱ་ནག་གཞུང་གིས་རྩིས་མེད་རྡོག་རོལ་ཇི་ལྟར་གཏོང་བཞིན་ཡོད་སྐོར་དང་། བོད་མི་ཚོར་གཉའ་གནོན་བཤུ་གཞོོག་གི་ཐོག་ལའང་ཞིབ་ཕྲ་བཀོད་ཡོད། ཕྱི་ལོ་ ༢༠༢༡ ཟླ་ ༩ ཚེས་ ༢༩ ཉིན་བོད་ཀྱི་ཁོར་ཡུག་ཐོག་ལ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་དཔེ་དེབ་དབུ་འབྱེད་གནང་ཡོད། དེའི་ནང་ཞིབ་ཚགས་མང་བ་ཡོང་གི་རེད། ད་ལན་རྒྱབ་ཤ་དཀར་པོར་ལན་འདེབས་གནང་བའི་ནང་འདས་པའི་ལོ་ ༧༠ ནང་བོད་ནང་ཁོར་ཡུག་རྩ་གཏོར་ཇི་ལྟར་བཏང་ཡོད་པའི་སྐོར་བཀོད་ཡོད།
འདས་པའི་གནས་ཚུལ་ནི་འདས་པ་རེད། རྒྱ་ནག་གི་ངོས་ནས་འགྲེལ་བཤད་བརྒྱག་ཡོང་གི་རེད། ང་ཚོས་དངོས་ཡོད་གནས་ཚུལ་གཞིར་བཞག་ཐོག་འགྲེལ་བཤད་རྒྱག་གི་ཡོད། གལ་ཆེ་བ་ནི་མ་འོངས་པར་ཇི་ལྟར་མདུན་བསྐྱོད་བྱེད་དགོས་པ་དེ་གནད་འགག་ཆེན་པོ་ཆགས་ཀྱི་ཡོད། མ་འོངས་པར་མདུན་བསྐྱོད་བྱེད་པར་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་འདི་ཉིད་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གྲོས་འགོ་བཏོན་གནང་བ་ཞིག་ཡིན་པ་ཙམ་མ་ཟད། མང་ཚོགས་ནས་དེའི་ཐོག་བསམ་ཚུལ་བསྡུ་ལེན། བོད་མི་མང་སྤྱི་འཐུས་ལྷན་ཁང་ནས་གཏན་ལ་ཕབ་པའི་སྲིད་བྱུས་འདིའི་ཐོག་ནས་བོད་རྒྱ་གཉིས་ཕན་གྱི་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ནས་ཇི་ལྟར་འགྲོ་དགོས་སྐོར་དང་། བཀའ་ཤག་སྐབས་བཅུ་དྲུག་པའི་ངོས་ནས་རྒྱ་ནག་གི་སྲིད་བྱུས་ལངས་ཕྱོགས་ལ་ལྟ་སྟངས་དང་། བཀའ་ཤག་སྐབས་བཅུ་དྲུག་པའི་སྲིད་བྱུས་འཛིན་སྟངས་ཇི་ལྟར་ཡིན་དེ་དག་གསལ་པོ་བཟོས་པའི་ཐོག་ནས་ཐེངས་འདིའི་རྒྱབ་ཤ་དཀར་པོའི་ནང་དོན་རགས་བསྡུས་ཀྱི་གནས་སྟངས་ལྟ་བུ་ཆགས་ཡོད།
རྒྱབ་ཤ་དཀར་པོའི་དཔེ་དེབ་འདི་ཉིད་རྒྱ་ནག་གཞུང་ལ་ལན་འདེབས་ཤིག་དང་། རྒྱལ་སྤྱིའི་ཁྲོད་བོད་དོན་ཞུ་གཏུག་གི་ལས་འགུལ་ཐོག་བརྗོད་གཞི་རེ་རེར་འགྲེལ་བཤད་བརྒྱབ་དགོས་རྒྱུ་དང་ལན་འདེབས་བསྐྱོན་རྒྱུའི་ཐད་ཐུགས་ཕན་གསོ་ངེས་ཡིན། ལྷག་པར་རྒྱལ་སྤྱིའི་ནང་གཞུང་དང་གྲོས་ཚོགས་ཀྱིས་དཔྱད་པ་བྱེད་ས་དང་། ཡང་ན་གཞི་བཅོལ་ཡུལ་གྱི་དཔེ་དེབ་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་བདེ་གསལ་ལགས་ཀྱིས་རྒྱབ་ཤ་དཀར་པོའི་རྩོམ་སྒྲིག་གི་འགན་འཁུར་བའི་ཐོག་དུས་ཚོད་མང་ཤོས་བཏང་ཡོད། གོ་སྐབས་འདི་བརྒྱུད་སློབ་སྟོན་གནང་མཁན་ཡོངས་དང་སྲིད་བྱུས་ཉམས་ཞིབ་ཁང་གི་འབྲེལ་ཡོད་ལས་བྱེད་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། བོད་མི་ཚོས་ཀྱང་དཔེ་དེབ་དེར་ལྟ་ཀློག་དང་སློབ་སྦྱོང་གནང་སྟེ་ནང་དོན་ཁག་ཤེས་རྟོགས་ཐུབ་པ་གནང་རོགས། རྒྱལ་སྤྱིའི་ཁྱོན་ཡོངས་ལ་འགྲེལ་བཤད་རྒྱག་སྐབས་རྨང་གཞི་ཡག་པོ་ཞིག་ཆགས་ཐུབ་པའི་རེ་བ་ཡོད། ཅེས་གསུངས།
མཐར་ཕྱི་དྲིལ་ཀརྨ་ཆོས་དབྱིངས་ལགས་ཀྱིས་རིང་མིན་རྒྱབ་ཤ་དཀར་པོའི་དཔེ་དེབ་དེ་ཉིད་བོད་ཡིག་དང་རྒྱ་ཡིག་ཐོག་འདོན་སྤེལ་གནང་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དྲ་རྒྱའི་སྟེང་གཞག་རྒྱུ་ཡིན་སྐོར་གསུངས་པ་དང་འབྲེལ་ཐུགས་རྗེ་ཆེ་ཞུའི་གསུང་བཤད་གནང་ཡོད་པ་བཅས། །