༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༩ ཚེས་ ༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྲིད་སྐྱོང་གི་ལས་འཁུར་ཞུས་ཏེ་ཉིན་གྲངས་ ༡༠༠ ཧྲིལ་པོ་འཁོར་གྱི་ཡོད་སྟབས། ཕྱི་དྲིལ་བོད་ཀྱི་བརྙན་འཕྲིན་ཚན་པའི་མདོ་འཛིན་པ་བསྟན་འཛིན་འཆི་མེད་ལགས་ཀྱིས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་བཅར་འདྲི་ཞུས་པ་ཁག་གཤམ་གསལ།
བསྟན་འཛིན་འཆི་མེད་ལགས། ཐོག་མར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་ལ་འཚམས་འདྲི་ཞུས་པ་སྦྲགས། དཔལ་ལྡན་སྲིད་སྐྱོང་མཆོག་གིས་ལས་འཁུར་དམ་འབུལ་ཞུས་ནས་དེ་རིང་ཉིན་གྲངས་བརྒྱ་ཏག་ཏག་འཁོར་གྱི་ཡོད་སྟབས། འདས་པའི་ཉིན་གྲངས་བརྒྱའི་རིང་དེ་སྔའི་འཆར་སྣང་དང་ད་ལྟ་དངོས་སུ་ལས་དོན་ཐོག་ཞུགས་ནས་ཕྱག་ལས་གནང་བ་གཉིས་ཀྱི་ཉམས་མྱོང་གང་འདྲ་བྱུང་ཡོད་སྐོར་གསུང་རོགས་གནང་།
དཔལ་ལྡན་སྲིད་སྐྱོང་མཆོག ད་བར་ཐོག་མར་སོ་སོ་ཡིས་བསམ་བློ་བཏང་བ་དང་མི་མང་ལ་ཁས་ལེན་ཞུས་པ་ལྟར་ལས་ཀ་ཡག་ཐག་ཆོད་འགྲོ་གི་འདུག བསམ་བློའི་ནང་ཡོད་པ་ནང་བཞིན་བང་སྒྲིག་ནས་ད་བར་ཟླ་བ་གསུམ་མམ་ཉིན་གྲངས་བརྒྱ་རིང་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས་དང་ཆབ་སྲིད་ཀྱི་ལས་དོན་བྱེད་ཕྱོགས། སྤྱི་ཚོགས་བདེ་དོན་གྱི་ལས་དོན་བྱེད་ཕྱོགས་སོགས་གང་ཅིའི་ཐད་བསམ་པ་ནང་བཞིན་བྱུང་སོང་། ཞེས་ཞུ་རྒྱུ་ཡིན།
བསྟན་འཛིན་འཆི་མེད་ལགས། དཔལ་ལྡན་སྲིད་སྐྱོང་མཆོག་གིས་དེ་སྔ་ལས་རྒྱུན་གྱི་ནུས་པ་ཡོངས་རྫོགས་ཆབ་སྲིད་ཐོག་ལ་སྤུང་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད། ད་ལྟ་ང་ཚོའི་ཆབ་སྲིད་ཀྱི་གནད་དོན་གལ་ཆེ་ཤོས་དེ་བོད་དོན་བདེན་མཐའ་གསལ་རྒྱུ་དེ་རེད། འདིའི་ཐོག་ལ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་འཆར་གཞི་ཇི་ལྟར་བང་སྒྲིག་ཡོད་དམ།
དཔལ་ལྡན་སྲིད་སྐྱོང་མཆོག དེ་རིགས་ད་ལྟ་ཞིབ་ཚགས་པོའི་ངང་ཞུ་ཐུབ་རྒྱུ་ཁག་པོ་རེད། སྤྱིར་བཏང་དེ་སྔ་ཐེངས་མང་པོ་ཞུས་ཟིན་པ་རེད། ཆབ་སྲིད་ཀྱི་ལངས་ཕྱོངས་འདི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གཏན་ལ་ཕབ་པའི་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་ལ་འགྲོ་དགོས་ཀྱི་ཡོད། དེ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་རེད་ལ་མི་མང་གི་མངོན་འདོད་ཀྱང་ཆགས་ཀྱི་ཡོད་སྟབས། རྒྱ་ནག་ལ་གང་སྙོབས་ཐུབ་ཐུབ་བྱེད་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་རེད། རྒྱ་ནག་དང་མཉམ་དུ་སྐད་ཆ་མ་བཤད་པར་བོད་རྒྱའི་དཀའ་རྙོག་སེལ་མི་ཐུབ། དེ་མིན་བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་ནང་དེ་སྔ་མི་གྲངས་མང་པོ་ཞིག་ཡོད། མི་བཅུ་དྲུག་བཅུ་བདུན་ཞིག་འདུག ཚོགས་ཆུང་གི་ངོ་བོ་མེད་པར་ཚོགས་ཆེན་གྱི་ངོ་བོར་ཆགས་ཡོད་སྟབས་དེ་ཏོག་ཙམ་བསྡུས་ཡོད། དེ་སྔ་ཕྱག་ལས་གནང་མཁན་ཚང་མས་དངོས་གནས་དྲང་གནས་ཕྱག་ལས་ཧུར་ཐག་གནང་ཡོད། སོ་སོའི་རིགས་པ་གང་ཡོད་པ་བཏོན་ཏེ་གང་ཐུབ་ཞབས་འདེགས་ཞུས་ཡོད། ད་ལྟའི་སྐབས་སུ་ང་ཚོས་ཕྲན་བུ་བཅོས་སྒྲིག་བྱས་ཡོད།
བོད་ནས་གནས་ཚུལ་མཁོ་སྒྲུབ་བྱེད་རྒྱུ་དེ་བདེ་སྲུང་ལས་ཁུངས་ཀྱི་འགན་ཆགས་ཀྱི་ཡོད་པར་བརྟེན་བདེ་སྲུང་ལས་ཁུངས་ཀྱི་ལས་དོན་བྱེད་ཕྱོགས་ཐད་ཕྲན་བུ་བསྒྱུར་བཅོས་གཏོང་དགོས་ཁག་བཏང་ཡོད། ཕྱོགས་མཚུངས་ཕྱི་དྲིལ་ལས་ཁུངས་ལ་མཚོན་ན་རྒྱལ་སྤྱིའི་གནས་ཚུལ་མཁོ་སྒྲུབ་བྱེད་མཁན་ཡིན་པར་བརྟེན་ཕྱི་དྲིལ་དྲུང་ཆེ་དང་བདེ་སྲུང་གཉིས་ནས་གནས་ཚུལ་གང་བྱུང་བ་རྣམས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་དཔྱད་པ་གནང་དགོས་ཀྱི་ཡོད། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་དང་བཀའ་དྲུང་ཡིག་ཚང་ནང་སྔོན་མ་ནས་ཆབ་སྲིད་དྲུང་ཆེའི་ས་མིག་ཡོད་པ་དེར་གལ་ཆེན་པོ་བརྩིས་ཏེ་ཁོང་རྣམ་པ་བཞིར་ཐབས་ཇུས་གཏན་འཇགས་ཚོགས་ཆུང་ཞེས་བཅོས་སྒྲིག་བྱས་ཡོད།
ཆབ་སྲིད་དང་འབྲེལ་བའི་ལྷན་ཁང་ཁག་གི་ལས་དོན་བྱེད་ཕྱོགས་ཕན་ཚུན་འབྲེལ་བ་བཟང་དུ་གཏོང་རྒྱུ་དང་ནུས་པ་མཉམ་སྤུངས་ཇི་ལྟར་བྱེད་དགོས། གནས་ཚུལ་གང་ཐོབ་པ་དེ་དག་བེད་སྤྱོད་གང་འདྲ་གཏོང་དགོས། འབྱུང་འགྱུར་ལས་གཞི་ནི་བོད་རྒྱའི་དཀའ་རྙོག་མ་སེལ་བར་དུ་བོད་ནང་དངོས་ཡོད་གནས་ཚུལ་གང་བྱུང་བ་རྣམས་ལ་ཞིབ་འཇུག་ཚད་ལྡན་བྱས་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་ནང་འཕྲོད་པ་བྱེད་རྒྱུ་དང་། དེ་ཡང་སྤྱི་ཚོགས་ཀྱི་འགྱུར་འགྲོས་ཤུགས་ཆེན་པོ་འགྲོ་གི་ཡོད། རྒྱལ་ཁབ་ཁག་མང་པོ་ཞིག་གི་ནང་བོད་པ་སླེབས་ཡོད། དེ་རིགས་ས་གནས་ཀྱི་མི་སེར་ཆགས་ཟིན་པ་དང་འགྲོ་སྟངས་འགྲོ་ལུགས། སྐད་ཡིག་ཤེས་ཀྱི་ཡོད། དེ་དག་ཚང་མ་མིའི་ནུས་སྟོབས་ཆགས་ཀྱི་ཡོད། མིའི་ནུས་སྟོབས་གང་ཡོད་པ་བེད་སྤྱོད་ཡག་པོ་བཏང་དགོས་རྒྱུ་གལ་ཆེན་པོ་ཡིན། དེ་སྔ་ཡིན་ན་སྲིད་སྐྱོང་དང་ཕྱི་དྲིལ་བཀའ་བློན་ཡོད་ན་ཕྱི་དྲིལ་བཀའ་བློན། ཕྱི་དྲིལ་ལས་ཁུངས། སྐུ་ཚབ་དོན་གཅོད་རྣམ་པ། བོད་རིགས་སྤྱི་མཐུན་ཚོགས་པ། བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་ཀྱིས་འགན་བཞེས་གནང་གི་ཡོད་ཀྱང་དེའི་ཐོག་ལ་གཞོན་སྐྱེས་རྣམས་ནས་སྣེ་ཁྲིད་དེ་བོད་དོན་ཞུ་གཏུག་གི་ལས་དོན་ཤུགས་ཆེ་རུ་བཏང་ཐུབ་ཚེ་རང་བཞིན་གྱིས་ད་ལྟའི་ལས་འགུལ་ལྡབ་མང་པོ་ཤུགས་ཆེ་རུ་གཏོང་རྒྱུའི་ནུས་པ་ཡོད།
ལོ་རྗེས་མ་ནས་བཟུང་དོན་གཅོད་རྣམ་པས་སོ་སོའི་ཁྱབ་ཁོངས་གཞུང་དང་གྲོས་ཚོགས། བསམ་མཛོད་བསྟི་གནས་ཁང་། བརྒྱུད་ལམ་ཁག་བཅས་སུ་འབྲེལ་བ་ཤུགས་ཆེན་པོ་བྱེད་དགོས་པ་དང་། བོད་རིགས་ཚོགས་པ་དང་བོད་རིགས་སྤྱི་མཐུན་ཚོགས་པར་འབྲེལ་བ་བྱེད་རྒྱུར་ཆེད་མངགས་མི་བསྐོ་དགོས་བྱུང་ནའང་བསྐོས་པ་ཡིན་ན། ནུས་པ་ཆེ་བ་འཐོན་གྱི་རེད་བསམ་གྱི་འདུག ལྷག་པར་རྒྱལ་སྤྱིའི་ནང་གཞོན་སྐྱེས་གཙོ་བོར་གྱུར་པའི་བོད་དོན་ཞུ་གཏུག་བྱེད་མཁན་རྣམ་པས་ཞུ་གཏུག་ལས་འགུལ་ཡག་པོ་སྤེལ་བའི་སྐབས་དཔལ་འབྱོར་གྱི་འགྲོ་གྲོན་དགོས་ཀྱི་ཡོད་པར་བོད་རིགས་སྤྱི་མཐུན་ཚོགས་པའི་རོགས་བྱེད་པ་དང་དེའི་སྒང་ལ་བོད་དོན་རྒྱབ་སྐྱོར་ཚོགས་པ། གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པ། སྐུ་ཚབ་དོན་གཅོད་རྣམ་པ་བཅས་གང་ལྟར་ང་ཚོའི་ནུས་པ་གང་ཡོད་པ་རྣམས་གཅིག་ལ་སྤུངས་ཐུབ་པ་དང་འཁྲིད་ཐུབ་རྒྱུའི་བསམ་བློ་ཞིག་འཁྱེར་ཏེ་ལས་རིམ་བང་སྒྲིག་ཡོད། ཟླ་བ་གཅིག་གཉིས་ནང་ཚུད་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་ཏེ་མང་ཚོགས་ཇི་ཙམ་མཉམ་ཞུགས་བྱེད་ཀྱི་འདུག དེར་བལྟས་ཏེ་འཛམ་གླིང་ཁྱོན་ཡོངས་ནང་ལས་འགུལ་སྤེལ་རྒྱུར་བང་སྒྲིག་ཡོད།
བསྟན་འཛིན་འཆི་མེད་ལགས། བར་ལམ་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུངས་པ་བཞིན་དེ་སྔའི་བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་ཕྱིར་བསྡུ་དང་སྦྲགས། ཐབས་ཇུས་འཆར་འགོད་ཚོགས་ཆུང་ཞེས་པ་བཙུགས་གནང་ཡོད་པ་རེད། ཚོགས་ཆུང་གི་མིང་བསྒྱུར་བ་བཏང་དགོས་དོན་དང་ཕྱག་ལས་ཀྱི་ངོ་བོར་འགྱུར་བ་དམིགས་བསལ་གང་ཕྱིན་ཡོད་དམ། ཕྱི་ལོ་ ༢༠༡༠ ལོ་ནས་བཟུང་ད་བར་ལོ་ངོ་ ༡༡ ལྷག་གི་རིང་རྒྱ་ནག་གཞུང་ནས་བོད་རྒྱ་གྲོས་མོལ་ཐད་དམིགས་བསལ་ཡ་ལན་དེ་འདྲ་བྱེད་ཀྱི་མེད། ང་ཚོའི་ངོས་ནས་གྲོས་མོལ་བསྐྱར་གསོ་ཐད་རེ་བ་ག་འདྲ་ཞིག་གནང་གི་ཡོད་དམ། གལ་ཏེ་དངོས་སུ་གྲོས་མོལ་གྱི་གནས་སྟངས་བྱུང་བ་ཡིན་ན་གྲོས་མོལ་སླད་སྐུ་ཚབ་སུ་ཕེབས་ཀྱི་རེད་དམ།
དཔལ་ལྡན་སྲིད་སྐྱོང་མཆོག ང་ཚོས་རེ་བ་མུ་མཐུད་རྒྱག་དགོས། རེ་བ་མེད་ན་ང་ཚོའི་འཐབ་རྩོད་བརླགས་ཟིན་པར་བརྟེན་རེ་བ་རྒྱག་གི་ཡོད་པ་མ་ཟད། གདེང་ཚོད་ཀྱང་ཡོད། རྒྱ་ནག་གཞུང་གི་ངོས་ནས་བོད་ཀྱི་དཀའ་རྙོག་དེ་དཀའ་རྙོག་ཞིག་ཡིན་པར་ངོས་འཛིན་བྱེད་རྒྱུ་དང་། བོད་ཙམ་དུ་མ་ཟད་ཡུ་གུར་དང་སོག་པོ། ཧོང་ཀོང་སོགས་ཀྱི་གནས་ཚུལ་མང་དག་ཅིག་ཡོད་སྟབས། དེ་དག་སེལ་དགོས་རྒྱུ་ངོས་འཛིན་པའི་ཐོག་ནས་ཆབ་སྲིད་ཀྱི་འདུན་པ་ཡོད་ན་སེལ་ཐུབ་རྒྱུ་རེད། དེར་བརྟེན་བར་ལམ་ནས་བརྡ་ལན་ལྟ་བུ་ཕྲན་བུ་འབྱོར་ཡོང་གི་འདུག དེ་དག་རེ་རེ་བཞིན་ཞུ་མི་དགོས་པར་ཁུངས་ལྡན་ཇི་ཙམ་ཡིན་མིན་བལྟ་རྒྱུ་རེད། རྒྱ་ནག་དང་ལྷན་སྐད་ཆ་མ་བཤད་པར་འགྲོ་ས་གང་ཡང་མེད། རྒྱ་ནག་དང་ལྷན་སྐད་ཆ་བཤད་དགོས་ཀྱི་ཡོད། འོན་ཀྱང་རྒྱ་ནག་དང་ལྷན་བོད་དོན་སྐོར་མཐར་ཐུག་གི་ཐབས་ལམ་ཞིག་མ་རྙེད་བར་དུ་ལས་འགུལ་སྤེལ་རྒྱུ་དང་རྒྱལ་སྤྱིའི་ནང་བོད་ནང་གི་བོད་མིའི་མགྲིན་ཚབ་པ་བྱེད་རྒྱུ། བོད་ནང་གི་གནས་ཚུལ་ཉམས་ཞིབ་བྱེད་རྒྱུའི་ཐོག་མུ་མཐུད་བྱེད་དགོས་ཀྱི་རེད་མ་གཏོགས་དེ་མུར་བསྡད་ན་འགྲིག་ཐབས་མེད། དེའི་སྟེང་ཤུགས་གང་ཐུབ་བརྒྱག་རྒྱུ་དང་། ང་ཚོའི་ངོས་ནས་གྲ་སྒྲིག་ཨང་གསར་ཡོད།
སྐུ་ཚབ་ཟེར་རྒྱུ་དེ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པ་དང་མཐུན་པར་བྱས་ནས་འགྲོ་དགོས། སྐུ་ཚབ་ག་དུས་དང་སུ་བསྐོ་དགོས་ཀྱི་འདུག དེ་དག་ཚང་མ་ཞིབ་ཚགས་པོ་བྱས་ནས་རྒྱ་ནག་ནས་ཡ་ལན་བྱེད་སྟངས་ལ་དཔག་པའི་ལས་ཀ་བྱེད་དགོས་རྒྱུ་གལ་ཆེན་པོ་རེད་དྲན་གྱི་འདུག
བསྟན་འཛིན་འཆི་མེད་ལགས། འདས་པའི་ལོ་ཤས་ནང་རྒྱ་ནག་གཞུང་གི་བྱ་སྤྱོད་དང་། ལྷག་པར་ཏོག་དབྱིབས་ནད་ཡམས་དང་འབྲེལ་ནས་འཛམ་གླིང་རྒྱལ་ཁབ་མང་པོས་རྒྱ་ནག་ལ་ལྟ་ཕྱོགས་འགྱུར་བ་འགྲོ་དང་འགྲོ་བཞིན་པ་རེད། ལྷག་པར་གནས་ཡུལ་རྒྱལ་ཁབ་རྒྱ་གར་ལྟ་བུར་མཚོན་ན་སྲིད་བློན་མཆོག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུའི་འཁྲུངས་སྐར་ལ་འཚམས་འདྲི་ཞུས་གནང་བ་དང་། གསར་འགྱུར་བརྒྱུད་ལམ་ཁག་གི་ནང་ལའང་འཛེམས་ཟོན་མེད་པར་བོད་ཀྱི་གནད་དོན་ཐོག་ལ་བགྲོ་གླེང་གནང་རྒྱུ་མཚོན་པའི་འགྱུར་བ་ཤུགས་ཆེན་པོ་ཞིག་འགྲོ་བཞིན་པ་རེད། བོད་མིའི་སྒྲིག་འཛུགས་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ནས་གོ་སྐབས་འདི་དམ་འཛིན་གནང་ཕྱོགས་ཐད་ལམ་སྟོན་གང་ཡོད་དམ།
དཔལ་ལྡན་སྲིད་སྐྱོང་མཆོག སྤྱིར་ད་བར་ང་ཚོར་རྒྱབ་སྐྱོར་ཤུགས་ཆེ་ཤོས་གནང་མཁན་རྒྱ་གར་དང་ཨ་རི་ཆགས་ཡོད་པར་བརྟེན་ཞིབ་ཕྲ་འགྲོ་མི་དགོས་པར་རྒྱ་གར་དང་ཨ་རི་མཉམ་འབྲེལ་ལམ་མུ་མཐུད་ཡག་ཐག་གཅོད་ཡོང་བཞིན་ཡོད། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་གང་མྱུར་གཏན་འཁེལ་བ་ཡིན་ན། མཇུག་སྐྱོང་བྱེད་རྒྱུའི་ལས་ཀ་མང་དག་ཅིག་ཡོད་པ་དེ་དག་བང་བསྒྲིགས་དང་སྒྲིག་བཞིན་པ་རེད།
ད་ལྟའི་དུས་སུ་རྒྱ་གར་དང་ཨ་རི་ཙམ་དུ་མ་ཟད་ཡུ་རོབ་ཁུལ་དུ་ཡིན་ནའང་རྒྱ་ནག་ལ་ལྟ་སྟངས་གང་ཙམ་འགྱུར་བ་ཤུགས་ཆེན་པོ་འགྲོ་བཞིན་འདུག དེར་བརྟེན་ཡུ་རོབ་ཁུལ་དུ་ཤུགས་བརྒྱབ་དགོས་རྒྱུ་གནད་འགག་ཆགས་ཀྱི་ཡོད་སྟབས། ཕྱི་ཟླ་ ༡༠ ནས་ཡུ་རོབ་ཁུལ་དུ་བཅར་རྒྱུ་བང་སྒྲིག་བཞིན་ཡོད། དེ་བཞིན་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོས་པ་ཡིན་ན། ཨ་རི་ལའང་བཅར་རྒྱུ་བང་སྒྲིག་བཞིན་ཡོད། ད་ལྟའི་གོ་སྐབས་འདི་དམ་འཛིན་བྱེད་མ་ཐུབ་པ་ཡིན་ན་ང་ཚོའི་ལོ་རྒྱུས་ནང་འགན་མ་འཁུར་བའི་གནས་སྟངས་ཤིག་ཆགས་འགྲོ་གི་ཡོད།
རྒྱ་གར་ནང་དུ་ཡིན་ནའང་བརྒྱུད་ལམ་ཁག་གིས་སྔར་དང་མི་འདྲ་བར་ཧ་ཅང་དོ་སྣང་གནང་གི་འདུག འདི་ངའི་འཇོན་ཐང་ལ་བརྟེན་ནས་བྱུང་བ་གང་ཡང་མ་རེད། གནས་སྟངས་རང་གི་དབང་གིས་རྒྱ་གར་གྱི་བརྒྱུད་ལམ་ཁག་མང་པོ་ཞིག་ལ་སྐད་ཆ་བཤད་རྒྱུའི་གོ་སྐབས་བྱུང་བ་མ་ཟད། རྒྱལ་སྤྱིའི་བརྒྱུད་ལམ་ཁག་མང་པོ་ཞིག་ལའང་སྐད་ཆ་བཤད་རྒྱུའི་གོ་སྐབས་བྱུང་། རྒྱ་ནག་ལ་འཛམ་གླིང་ཁྱོན་ཡོངས་ཀྱི་ལྟ་སྟངས་འདི་འདྲ་ཞིག་ཡོད་སྟབས། བོད་དོན་རྒྱབ་སྐྱོར་འཚོལ་རྒྱུར་སྔར་དང་མི་འདྲ་བའི་ལས་སླ་རུ་ཟེར་ནའང་མི་འདུག་སྟབས་བདེ་རུ་འགྲོ་བཞིན་ཡོད་པའི་གོ་སྐབས་འདི་མ་བརླགས་པ་བྱེད་དགོས།
སྤྱིར་སྤྱི་ཚོགས་འགྱུར་ལྡོག་མང་པོ་འགྲོ་བཞིན་ཡོད་པར་བརྟེན་རྒྱལ་ཁབ་མང་པོ་ཞིག་ལ་བོད་པ་སླེབས་ཡོད་པའི་ནུས་པ་འདི་དག་བེད་སྤྱོད་བཏང་ཐུབ་པ་དགོས་རྒྱུ་གལ་ཆེན་པོ་རེད་འདུག དེར་བརྟེན་ཟླ་བ་གཅིག་གཉིས་ནང་འདིའི་སྐོར་གསལ་བསྒྲགས་བྱས་ཏེ་བོད་མི་གཞོན་སྐྱེས་གཙོ་བོར་གྱུར་པའི་བོད་པ་གང་མང་མཉམ་ཞུགས་གནང་ཐུབ་པ་ཡིན་ན། ད་ལྟ་ལས་ལྷག་བོད་དོན་ཞུ་གཏུག་གི་ལས་འགུལ་ཤུགས་ཆེ་རུ་བཏང་ཐུབ་ཀྱི་རེད་སྙམ་པའི་རེ་བ་རྒྱག་བཞིན་ཡོད། དེ་བཞིན་སྐུ་ཚབ་དོན་གཅོད་རྣམ་པས་ཕྱག་ལས་གནང་སྟངས་ལ་བཅོས་སྒྲིག་ཕྲན་བུ་བྱས་ཏེ་ལོ་རྗེས་མ་ནས་སྐུ་ཚབ་དོན་གཅོད་རྣམ་པས་ཕྱག་ལས་གནང་རྒྱུ་གཙོ་བོ་དེ་སོ་སོའི་རྒྱལ་ཁབ་ཀྱི་གཞུང་དང་། གྲོས་ཚོགས། བསམ་མཛོད་བསྟི་གནས་ཁང་། གསར་འགྱུར་བརྒྱུད་ལམ་ཁག བོད་དོན་རྒྱབ་སྐྱོར་ཚོགས་པ་བཅས་ཀྱི་ཐོག་ལས་ཀ་གཙོ་བོ་གནང་རྒྱུ་དང་། བོད་མི་དང་བོད་རིགས་སྤྱི་མཐུན་ཚོགས་པར་འབྲེལ་བ་བྱེད་རྒྱུ་རིམ་པ་གཞན་ཞིག་བང་སྒྲིག་བཞིན་ཡོད།
ད་ཆ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཚོགས་མ་ཐུབ་པ་དེ་ཡང་ང་ཚོ་ལ་བར་ཆད་ཕྲན་བུ་ཞིག་ཆགས་ཡོད། གལ་ཏེ་བཀའ་ཤག་གི་ངོས་ནས་མཐུན་འགྱུར་སྦྱོར་དགོས་རིགས་ཡོད་ན། ག་དུས་ཡིན་ནའང་སྦྱར་རྒྱུའི་འདོད་པ་ཡོད་ཅེས་ཞུ་བཞིན་ཡོད། ཁོང་རྣམ་པ་ཚོའི་འདོད་པ་མེད་བཞིན་དུ་བཀའ་ཤག་གིས་བྱེད་པ་ཡིན་ན་ང་ཚོའི་དབང་ཚད་ལས་འགལ་པའི་ལས་ཀ་ཆགས་ཀྱི་ཡོད། ང་ཚོའི་རེ་བར་སྤྱི་འཐུས་རྣམ་པ་འཛོམས་གནང་སྟེ་ཐབས་ལམ་ཞིག་བཏོན། གྲོས་ཚོགས་ཚོགས་ཏེ་གོ་བསྡུར་གང་གནང་བ་ཡིན་ནའང་གནང་ཆོག་པ་ཞིག་རེད། ནང་ཁུལ་གྱི་གནས་ཚུལ་ཁག་གྲོས་བསྡུར་གནང་ཆོག་པ་མ་ཟད། སྤྱི་པའི་ལས་དོན་ཡང་ཞོར་དུ་བྱས་ཏེ་དཀའ་ངལ་སེལ་བ་ཡིན་ན། དཔེར་ན་ང་རང་ཡར་མ་སླེབ་སྔོན་འདི་ལྟར་ཞུས་པ་ཡིན། མང་ཚོགས་ནང་མཐུན་ལམ་ཡོང་བར་བོད་པའི་སྤྱི་ཚོགས་ཀྱི་ལས་ཀྱི་སྣེ་མོ་བ་ནང་མཐུན་ལམ་ཡོང་དགོས། ཞེས་དེ་སྔ་ཁས་ལེན་ཞུས་པ་ནང་ལྟར་ཁྲིམས་ཞིབ་ཁང་ལ་བཅར་ནས་བཀའ་ཤག་སྐབས་ ༡༦ དང་ཆེས་མཐོའི་ཁྲིམས་ཞིབ་ཁང་དབར་འབྲེལ་བ་ཇི་ལྟར་འཇོག་གི་རེད། གཅིག་ཕན་གཅིག་གྲོགས་བྱས་ནས་ནུས་པ་མཉམ་སྤུངས་ཇི་ལྟར་གནང་གི་རེད།
དེ་བཞིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཚུགས་མ་ཐུབ་པ་རེད་མ་གཏོགས་ཕྱི་ཟླ་ ༥ པའི་ཟླ་འཇུག་གམ་ཕྱི་ཟླ་ ༦ པའི་ཟླ་མགོར་ག་དུས་ཚོགས་ཐུབ་པ་ཡིན་ནའང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་མཉམ་བཀའ་ཤག་སྐབས་ ༡༦ པས་འབྲེལ་བ་ག་འདྲ་འཇོག་གི་རེད། ནུས་པ་མཉམ་སྤུངས་ཇི་ལྟར་གནང་གི་རེད། འཛིན་སྐྱོང་ངོས་ནས་གྲོས་ཚོགས་ལ་མཐུན་རྐྱེན་སྦྱོར་དགོས་ཁག་ཆ་ཚང་བཟོས་ཡོད་ནའང་གྲོས་ཚོགས་ཚུགས་མ་ཐུབ་པའི་རྒྱུ་མཚན་ལ་བརྟེན་ནས་ལྷག་ཡོད། ཕྱོགས་མཚུངས་རང་དབང་ཅན་གྱི་སྡེ་ཚན་དང་གཞུང་ཁོངས་མིན་པའི་སྒྲིག་འཛུགས། གསར་འགྱུར་བརྒྱུད་ལམ་ཁག་བཅས་ལ་འབྲེལ་བ་ཞུས་ཡོད། ད་ཆ་གཞུང་ཁོངས་མིན་པའི་སྒྲིག་འཛུགས་ཁག་གཅིག་ལྷག་ཡོད། འཛིན་སྐྱོང་བཀའ་ཤག་ངོས་ནས་ཕར་འབྲེལ་བ་ཞུ་རྒྱུ་དང་མ་འོངས་པར་ལས་དོན་བྱེད་ཕྱོགས་ཐད་གོམ་པ་ཇི་ལྟར་བརྒྱག་དགོས་པ་དེ་དག་གི་ཐོག་གང་ཐུབ་གསལ་པོ་བཟོས་པར་ཚང་མས་དགའ་མོས་གནང་གི་འདུག
དཔེར་ན་རང་བཙན་དང་དབུ་མ་ལྟ་བུ་ཡིན་ནའང་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་རྣམ་པ་མཇལ་བའི་སྐབས་སུ་རྣམ་པ་ཚོར་བོད་དོན་ཞུ་གཏུག་སླད་གོ་སྐབས་མང་པོ་འཐོབ་ཀྱི་ཡོད་པ་རེད། དེར་བརྟེན་༸རྒྱལ་བ་རིན་པོ་ཆེའི་དགོངས་པ་གང་རེད། བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་གང་རེད། དབུ་མའི་ལམ་གྱི་སྲིད་བྱུས་ཟེར་ན་གང་རེད། དེ་བརྒྱུད་ནས་ང་ཚོས་དམིགས་ཡུལ་གང་འཛིན་གྱི་ཡོད། གཉིས་ཕན་གྱི་བསམ་བློ་ཇི་ལྟར་ཡིན་པ་དེ་དག་འགྲེལ་བཤད་ཞུས་ཏེ་སྒྲིག་འཛུགས་སོ་སོའི་ངོས་ནས་ལངས་ཕྱོགས་གང་འཛིན་གྱི་ཡོད་པ་དང་འཛིན་དགོས་པའི་རྒྱུ་མཚན་གང་ཡིན་པ་དེ་དག་འགྲེལ་བཤད་བརྒྱབ་པ་ཡིན་ན། ང་ཚོས་འགྲེལ་བ་ཞུ་ས་དེ་དག་ལ་གོ་བ་གཉིས་མི་འགྲོ་བར་ཧ་ཅང་གསལ་པོ་ཡོང་ཐུབ་པ་ཡིན་ན་ནང་ཁུལ་འགལ་ཟླ་ཡོང་དགོས་དོན་རྩ་བ་ཉིད་ནས་མེད། ཅེས་ཞུ་རྒྱུ་བྱུང་། ཚང་མས་བསམ་བློ་འདི་ལྟར་གཏོང་ཐུབ་པ་ཡིན་ན། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་རང་བཙན་དང་དབུ་མ་ཞེས་རྩོད་པ་རྒྱག་མི་དགོས་པའི་གནས་སྟངས་ཤིག་ཡིན།
གཙོ་བོ་རང་རེ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཆུང་ངུའི་ནང་ཆོལ་ཁ་དང་ཆོས་བརྒྱུད་ཀྱི་གནས་ཚུལ་སྐབས་རེ་ཕྲན་བུ་ཆེ་རུ་འགྲོ་གི་ཡོད། སྐབས་རེ་ཆུང་དུ་འགྲོ་གི་ཡོད། ད་ཆ་ཆེ་རུ་འགྲོ་བའི་དུས་ཚོད་ཅིག་ཤར་ཡོད། དེའི་ནང་བསམ་བློ་གང་གཏོང་དགོས་ཀྱི་འདུག་ཅེ་ན་སྤྱིར་ནང་ཁུལ་བཤད་རེ་ཕྲན་བུ་ཡོང་གི་ཡོད་པ་མང་གཙོའི་འགྲོ་སྟངས་རེད། འོན་ཀྱང་རྒྱ་ཆེ་ས་ནས་ང་ཚོའི་ཁ་གཏད་དེ་རྒྱ་ནག་རེད་མ་གཏོགས་བཙན་བྱོལ་སྤྱི་ཚོགས་ནང་ཁུལ་མ་རེད། བོད་ནང་རྒྱ་མི་རིགས་ཇི་ཙམ་སླེབ་ཀྱི་འདུག བོད་པའི་མི་རིགས་ཀྱི་ངོ་བོ་དང་། སྐད་ཡིག ནང་ཆོས། བོད་ཀྱི་ཁོར་ཡུག་བཅས་ཀྱི་ཐོག་ལ་གནད་དོན་ཇི་འདྲ་ཞིག་ཆགས་ཀྱི་འདུག དེ་དག་ལ་བསམ་བློ་བཏང་བ་ཡིན་ན་ང་ཚོ་ནང་ཁུལ་རྩོད་པ་ལས་ལྷག་རྒྱ་ནག་ལ་ཕར་མཛུབ་མོ་བཙུགས་ནས་འཐབ་རྩོད་བྱེད་དགོས་པ་སྔོན་མ་ནས་སླེབས་ཡོད་པ་མ་ཟད་ད་དུང་ཡིན་ནའང་དེའི་ཐོག་ཤུགས་ཆེ་ཙམ་འགྲོ་དགོས། ང་ཚོར་ནུས་པ་ཕྲན་བུ་ཡོད་པ་དེ་ཐོར་ཞིག་ཕྱིན་པ་ཡིན་ན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ང་ཚོར་ཐུགས་རེ་བཅངས་པ་དེ་དག་ཆུའི་ནང་གཡུག་པའི་བཟོ་འདྲ་ཞིག་བྱེད་བཞིན་ཡོད། ལོ་རྒྱུས་ཀྱི་ཐོག་ནས་ཀྱང་ནག་ཉེས་ཀྱི་གནས་བབ་འདི་འདྲ་ཞིག་འཁྱེར་དགོས་བྱུང་བ་ཡིན་ན་ཧ་ཅང་ཐབས་སྐྱོ་བོ་ཆགས་ཀྱི་རེད་བསམ་གྱི་འདུག དེར་བརྟེན་འཛིན་སྐྱོང་གི་ལས་དོན་བྱེད་ཕྱོགས་ཐོག་ནས་གང་ཐུབ་ཚགས་ཆུད་པོ་བྱས་ནས་ང་རང་ཚོའི་སྤྱི་ཚོགས་ནང་ད་ལྟའི་ཆབ་སྲིད་ཀྱི་དཀའ་ངལ་འཕྲད་བཞིན་པ་འདི་ཟུར་དུ་བཞག་པ་གང་ཡང་མ་རེད། དོ་སྣང་བྱེད་བཞིན་ཡོད། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པ་མཆོག་གིས་འདས་པའི་ལོ་ངོ་ ༥༠་་་༦༠ རིང་སྐུ་ལས་བསྐྱོན་ཏེ་མང་གཙོ་གསོལ་རས་སྩལ་བ་འདི་ཁྲིམས་དང་སྒྲིག་གཞི་ཕར་བཞག་སྟེ་ཚོར་བའི་སྟེང་འགྲོ་བ་ཡིན་ན། མང་གཙོ་ཚད་ལྡན་ཞིག་ཡོང་ཐུབ་ཀྱི་མེད། མིང་དོན་མཚུངས་པའི་མང་གཙོ་ཞིག་ཡོང་ཐུབ་ཀྱི་མེད་སྟབས། བསམ་ཤེས་ཏན་ཏན་ཡོང་གི་རེད་སྙམ་པའི་ངས་རེ་བ་ཞུ་གི་ཡོད།
བསྟན་འཛིན་འཆི་མེད་ལགས། ད་ལྟའི་བཙན་བྱོལ་ནང་གི་དངོས་ཡོ
དཔལ་ལྡན་སྲིད་སྐྱོང་མཆོག ཤེས་རིག་ལས་ཁུངས་དང་ལྷན་དུ་ཚོ
ཕྱི་ལོ་ ༢༠༡༢ ལོར་བོད་ཕྲུག་ཁྱོན་བསྡོམས་ཉིས་ཁྲི་ལྷག་ཙམ་ཞིག་འདུག ད་ལྟ་ཕྱི་ལོ་ ༢༠༢༡ ལོར་བོད་ཕྲུག་གྲངས་
སིམ་ལར་མཚོན་ན་དངོས་གནས་བྱས་ན་བོད་པའི་སློབ་ཕྲུ
རྒྱ་གར་གཞུང་གིས་སློབ་གྲྭ་ཁག་དྲུག་དེ་རྩིས་ལེན་དགོས་སྐོར་ཤུགས་ཆེན་པོ་གསུང་གི་འདུག དེའི་སྐོར་ཤེས་རིག་ལས་ཁུངས་དང་འབྲེལ་ཡོད་ཚང་མ་གང་མགྱོགས་འཛོམས་ནས་ཐག་གཅོད་ཀྱི་ཡིན།
བསྟན་འཛིན་འཆི་མེད་ལགས། གོང་དུ་དཔལ་ལྡན་སྲིད་སྐྱོང་མཆོག་གིས་གསུངས་པ་
དཔལ་ལྡན་སྲིད་སྐྱོང་མཆོག གོང་དུ་ཞུས་པ་ལྟར་རེ་བ་ཆེན་པོ་རྒྱག་བཞིན་ཡོད། གང་ལྟར་ང་རང་ཚོ་ཚང་མ་བོད་པ་རེེ
བཀའ་བློན་རྣམ་པས་ལས་ཁུངས་སོ་སོ
ལས་བྱེད་ཚོའི་ངོས་ནས་ད་བར་ཟླ་བ་
དེ་བཞིན་སྒྲིག་འཛུ
ཕྱི་ལོ་ ༢༠༢༢ ཟླ་ ༣ ཚེས་ ༣༡ བར་འཛིན་སྐྱོང་གི་ལས་དོན་བྱེ
བསྟན་འཛིན་འཆི་མེད་ལགས། བཙན་བྱོལ་བོད་མི་འདུ་སྡོད་ས་
དཔལ་ལྡན་སྲིད་སྐྱོང་མཆོག ཡག་པོ་བྱུང་སོང་། སྤྱི་ཡོངས་ནས་ངས་འོས་བསྡུའི་སྔོན་
མི་མང་གི་སེམས་ནང་དོགས་པ་དང་རྣ
ལྷག་པར་ལ་དྭགས་ཀྱི་མི་མང་དང་། ཆོས་ཚོགས། དགོན་ཚོགས་བཅས་
ལ་དྭགས་དེ་བཞིན་དབུས་འཛིན་མངའ་ཁུལ་ (Union Territory) དུ་ངོས་འཛིན་གནང་ནས་ལོ་གཉིས་ཙམ་འགྲོ་བཞིན་ཡོད། ལ་དྭགས་དབུས་འཛིན་མངའ་ཁུལ་ནས་ཨག་
ཕྱོགས་མཚུངས་ས་གནས་གཞན་ཚང་མར་ཞི