༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༩ ཚེས་ ༡ རེས་གཟའ་ལྷག་པ་ཉིན་གྱི་སྔ་དྲོར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དྲ་ལམ་བརྒྱུད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་ཏེ། དཔལ་ལྡན་སྲིད་སྐྱོང་མཆོག་གི་གཞུང་འབྲེལ་ཕྱོགས་ཕེབས་ཐོག་མ་ལ་དྭགས་སླེ་བྱང་ཁུལ་དུ་ཉིན་གྲངས་བརྒྱད་བསྐྱངས་པའི་སྐབས་ཀྱི་གནས་ཚུལ་ཁག་གཅིག་སྙན་གསན་ཞུས་འདུག་པ་བཅས། །