༄༅།འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། དབུས་འོས་བསྡུ་ལས་ཁང་ནས་ཌལ་ཧོར་ཕུན་ཚོགས་གླིང་ས་གནས་འཐུས་ཚོགས་སྐབས་ ༧ པའི་འདེམས་ཐོན་ཚོགས་མི་རྣམས་ཀྱི་ལས་འཁུར་དམ་འབུལ་གྱི་ཞུ་སྐུལ་འབྱོར་དོན་ལྟར། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༦༩ ཆ་རྐྱེན་འོག་ཌལ་ཧོར་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་ཟུར་པ་བསོད་ནམས་ཕུན་ཚོགས་ལགས་འཕྲལ་སེལ་ས་གནས་ཁྲིམས་ཞིབ་པར་བསྐོ་གཞག་བགྱིས་ཏེ། ཕྱི་ལོ་ ༢༠༢༡ ཟླ་ ༠༨ ཚེས་ ༢༨ ཉིན་ས་གནས་འཐུས་ཚོགས་སྐབས་ ༧ པའི་འདེམས་ཐོན་ས་འཐུས་ཚོགས་མི་ ༡༡ དང་། དེ་དག་གི་ཁོངས་ནས་ཚོགས་གཙོར་ཕུར་བུ་དགྲ་འདུལ་ལགས་དང་། ཚོགས་གཞོན་དུ་འབུམ་ཆུང་དབང་མོ་ལགས་བཅས་ནས་འཕྲལ་སེལ་ས་གནས་ཁྲིམས་ཞིབ་པའི་མདུན་དུ་ལས་འཁུར་དམ་བཅའ་འབུལ་བཞེས་ལེགས་གྲུབ་བྱུང་འདུག་པའི་གསར་འགྱུར་སྙིང་བསྡུས་སུ། །
གསར་གནས།
འབྲེལ་གནས།