༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༩ ཚེས་ ༡༩ རེས་གཟའ་སྤེན་པ་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་གོ་སྒྲིག་འོག་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་གསར་འདེམས་བྱུང་བ་རྣམས་ལ་ཟབ་སྦྱོང་མཇུག་བསྡོམས་ཀྱི་མཛད་སྒོ་ཚོགས་ཡོད་པ་དང་། མཇུག་བསྡོམས་མཛད་སྒོའི་སྐུ་མགྲོན་གཙོ་བོ་ལས་བྱེད་འདེམས་ལྷན་གྱི་
དེ་ཡང་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་རྒན་པ་བསོད་ནམས་རྒྱལ་མཚན་ལགས་དང་། གཙང་ཕྲུག་སྟོབས་ལགས། དགེ་བཤེས་ཚུལ་ཁྲིམས་དཔལ་ལྡན་ལགས། དགེ་བཤེས་ངག་དབང་རྣམ་གྲོལ་ལགས། དགེ་བཤེས་དམ་ཆོས་ལགས་བཅས་ནས་ཕྱི་ལོ་ ༢༠༢༡ ཟླ་ ༩ ཚེས་ ༦ ཉིན་ནས་འགོ་བཙུགས་ཏེ་ཁྱོན་ཉིན་གྲངས་ ༡༣ རིང་གསར་དུ་འདེམས་ཐོན་བྱུང་བའི་སྲི་ཞུའི་ལས་བྱེད་གྲངས་ ༢༡ རྣམས་ལ་བོད་ཀྱི་བརྡ་སྤྲོད་སུམ་རྟགས་དག་གསུམ་གཙོ་བོར་གྱུར་བའི་རྒྱལ་རབས་ལོ་རྒྱུས་དང་། ཆོས་འབྱུང་། གཞུང་འབྲེལ་ཡི་གེ་འབྲི་སྟངས་། སྒོམ་རྒྱག་སྟངས། འགོ་ཁྲིད་ཀྱི་ནུས་པ། འབྲེལ་ལམ་ནུས་རྩལ། བཙན་བྱོལ་བོད་མིའི་བཅའ་ཁྲིམས། བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་པ་རྣམས་ཀྱི་བླང་དོར་དང་ཐོབ་ཐང་གི་སྒྲིག་གཞི། བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས། ཕོ་མོའི་ཆགས་སྲེད་རྩུབ་སྤྱོད་
མཇུག་བསྡོམས་མཛད་སྒོར་སྐུ་མགྲོན་གཙོ་བོ་ལས་བྱེད་འདེམས་ལྷན་གྱི་ཚོགས་གཙོ་དཔེ་ཟུར་དབང་འདུས་ཚེ་རིང་ལགས་ཀྱིས་ཉིན་གྲངས་ ༡༣ རིང་གི་ཟབ་སྦྱོང་ལེགས་གྲུབ་བྱུང་བར་འབྲེལ་ཡོད་ཚང་མར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ་གསར་དུ་འདེམས་ཐོན་བྱུང་བའི་སྲི་ཞུའི་ལས་བྱེད་རྣམ་པར་སྲི་ཞུ་བསྒྲུབ་པར་མུ་མཐུད་བོད་ཀྱི་སྐད་ཡིག་སྦྱང་དགོས་པའི་གལ་གནད་སྐོར་གསུང་བཤད་གནང་ཡོད་པ་བཅས།།
གསར་དུ་འདེམས་ཐོན་བྱུང་བའི་སྲི་ཞུའི་ལས་བྱེད་པ་རྣམས་ཀྱི་ཟབ་སྦྱོང་ལེགས་པར་མཇུག་སྒྲིལ་བ།
གསར་གནས།

འབྲེལ་གནས།