༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༩ ཚེས་ ༢༤ རེས་གཟའ་པ་སངས་ཉིན་ཀ་ཛཱག་སྟཱན་བོད་དོན་རྒྱབ་སྐྱོར་ཚོགས་པ་ (Friends of Tibet) ཞེས་པའི་འགན་འཛིན་མུ་རཱཏ་ཨོ་བྷ་ཀི་རོཕ་ (Murat Aubakirov) ལགས་ཀྱིས་རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་དང་ཐུག་འཕྲད་ཀྱིས་བོད་དོན་སླད་མུ་མཐུད་རྒྱབ་སྐྱོར་གནང་རྒྱུ་ཡིན་སྐོར་ཞལ་བཞེས་གནང་ཡོད།
སྐབས་དེར་རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གིས་ཀ་ཛཱག་སྟཱན་བོད་དོན་རྒྱབ་སྐྱོར་ཚོགས་པའི་འགན་འཛིན་མུ་རཱཏ་ཨོ་བྷ་ཀི་རོཕ་ལགས་ཀྱིས་མུ་མཐུད་བོད་དོན་ཐོག་རྒྱབ་སྐྱོར་གནང་རྒྱུ་ཞལ་བཞེས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་འབྲེལ། ཁོང་གི་ཤེས་ཡོན་གཙོ་བོར་གྱུར་པའི་ལས་དོན་གཞན་ཁག་ལའང་རྒྱབ་སྐྱོར་ཡོད་སྐོར་གསུངས་ཡོད།
སྤྱིར་སྐུ་ཞབས་ཁོང་ནི་ཀ་ཛཱག་སྟཱན་ནང་བོད་དོན་སླད་ལས་འགུལ་ཤུགས་ཆེ་སྤེལ་མཁན་ཞིག་ཡིན་པ་ཙམ་དུ་མ་ཟད། ས་གནས་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་ཡང་ཡིན་འདུག་པ་བཅས། །