༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༨ ཚེས་ ༢༨ རེས་གཟའ་སྤེན་པ་ཉིན་ཀུལླུ་མ་ནཱ་ལིའི་ས་གནས་རྒྱ་གར་གྱི་འགོ་དཔོན་གྱིས་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་མཆོག་དང་མཇལ་འཕྲད་སླད་མགྲོན་འབོད་གནང་བ་ལྟར་ཀུལླུ་མ་ནཱ་ལིའི་ས་གནས་འགོ་འཛིན་ཐུབ་བསྟན་ཆོས་འཕེལ་ལགས་དང་ས་གནས་འཐུས་ཚོགས་ཀྱི་ཚོགས་གཞོན་དཔལ་འབྱོར་ལགས་ཀྱིས་མ་ནཱ་ལིའི་ས་གནས་( 15 Mile) ཞེས་པར་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ཇེ་རཱམ་ཋཱ་ཀུར་ (Shri Jai Ram Thakur) མཆོག་དང་ཧི་མཱ་ཅལ་མངའ་སྡེའི་ཤེས་རིག་བློན་ཆེན་སྐུ་ཞབས་གྷོ་ཝིན་ཊི་སིངྒ་ཋ་ཀུར་ (Shri Govind Singh Thakur) མཆོག་དང་མཇལ་འཕྲད་ཀྱིས་ས་གནས་བོད་མི་ཡོངས་ཀྱི་ཚབ་བྱས་ཏེ་འཚམས་འདྲི་ཞུས་ཡོད་པ་མ་ཟད། བོད་ཀྱི་གནས་དོན་སྐོར་གླེང་སློང་ཡང་གནང་ཡོད་པ་བཅས། །
གསར་གནས།
འབྲེལ་གནས།