༄༅། །ཕྱི་ལོ ༢༠༢༡ ཟླ་ ༨ ཚེས་ ༢༦ རེས་གཟའ་ཕུར་བུ་ཉིན་སྲིད་སྐྱོང་ཚོགས་ཁང་དུ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་
དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩།༣༠ ཐོག་ལས་རིམ་དབུ་འཛུགས་ཀྱི་ཐོག་མར་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས་མར་མེ་ཞལ་ཕྱེ་གནང་སྟེ་གསུང་བཤད་གནང་དོན། སྟོད་མངའ་རིས་གུ་གེ་ནས་ལྷོ་ལ་འབབ་པའི་གླང་ཆེན་ཁ་འབབ་ཀྱི་འབབ་རྒྱུད་དུ་གནས་པའི་ཁུ་ནུ་ནི། མི་རིགས་དང་། སྐད་ཡིག ཆོས་ལུགས་སོགས་གང་ཅིའི་ཐད་ནས་བོད་དང་འབྲེལ་བ་ཧ་ཅང་དམ་པོ་ཡོད་པའི་ཡུལ་ལུང་ངམ་རྒྱལ་ཕྲན་ཞིག་ཡིན།དུས་རབས་ ༡༧ པའི་ལོ་རབས་བརྒྱད་ཅུ་ནང་བོད་ཀྱི་དམག་དཔོན་ཆེན་པོ་དགའ་ལྡན་ཚེ་དབང་ལགས་དང་ཁུ་ནུའི་རྒྱལ་པོ་སྐྱེས་སེང་གེ་མཆོག་རྣམ་གཉིས་ཀྱིས་མ་ཧཱ་གུ་རུ་ཤཱཀྱ་མུ་ནེ་དཔངས་བཙུག་ནས་མནའ་དམ་མཛད་པ་སྟེ། གངས་རིན་པོ་ཆེའི་དཀར་པོ་གངས་བཞུ་བ་དང་། མ་ཕམ་གཡུ་མཚོའི་ཆུ་སྐམ་པ། བྱ་ཕོ་རོག་ལ་སྐྲ་དཀར་སྐྱེ་ན་མ་གཏོགས་བསྐལ་པ་མ་སྟོང་ཀྱི་བར་དུ་མཛའ་མཐུན་བྱ་རྒྱུའི་ཆོད་དོན་བྱས།
དེ་ནས་བཟུང་ཁུ་ནུ་དང་བོད་བར་གྱི་འབྲེལ་བ་དེ་ལོ་རྒྱུས་རིང་པོ་གཞི་ལ་བཞག་ནས་ལྷག་པར་དམ་ཟབ་ཕྱིན་ཡོད་པའི་སྐོར་དེ་རིང་གི་མཁས་དབང་ཁག་གིས་གསུང་ངེས་ཡིན་པ་ལྟར། ཚང་མས་མཁྱེན་གསལ་ལྟར་ཁུ་ནུ་པའི་ནང་བོད་ཀྱི་ཆོས་དང་རིག་གཞུང་ལ་ཕན་རླབས་ཆེན་པོ་གནང་པའི་བླ་ཆེན་དང་མཁས་པ་མང་པོ་བྱུང་མྱོང་བ་དཔེར་ན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཟབ་ཆོས་ཞུ་སའི་བླ་མ་གཙོ་བོ་སྟེ་ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་མཆོག་ལྟ་བུ་དང་། དེ་བཞིན་དེང་རབས་ཀྱི་བོད་ཡིག་ཚགས་ཤོག་ཐོག་མར་འདོན་མཁན་ཡང་ཁུ་ནུ་བ་ཡིན་པ་དང་། བོད་རྩིས་ཀྱི་ལོ་ཐོ་འདོན་པ་ལོ་རྒྱུས་ཐོག་བྱུང་མྱོང་ཡོད་རུང་ཚོང་ཁྲོམ་བརྒྱུད་འགྲེམས་སྤེལ་བྱེད་པའི་ཁུ་ནུའི་ལོ་ཐོ་ཞེས་སྐད་གྲགས་བྱུང་པ་དེ་ཕལ་ཆེར་ཐེངས་དང་པོ་ཡིན་ཞིང་། ཁུ་ནུ་ལོ་ཐོ་ཐོག་མར་འདོན་པའི་ལོ་ཚིག་ནི་བོད་གཞུང་སྨན་རྩིས་ཁང་གིས་ལོ་ཐོ་འདོན་པ་ལས་སྔ་བ་ཡོད་པ་ཡིན།དེ་འདྲའི་ལོ་རྒྱུས་རིང་པོ་གཞི་ལ་བཞག་སྟེ། དེ་རིང་ང་ཚོ་འདིར་མཛོམས་པ་ནི་ཐོག་མར་དུས་རབས་ ༡༧ ནང་བོད་དང་ཁུ་ནུ་བར་ཆིངས་ཡིག་འཇོག་མཁན་ཁུ་ནུའི་རྒྱལ་པོ་སྐྱེས་སེང་གེ་མཆོག་གི་རྒྱུད་པ་སྟེ་ཧི་མ་ཅཱལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པ་སྐུ་ཞབས་ཝིར་བྷདྲཱ་སིངྒ་མཆོག་ཚེ་ལས་འདས་པ་ལ་བློ་ཕམ་དང་། ཞེ་དགུ་ཚང་བ་ལ་སྲུང་རྩིས་ཀྱིས་མྱ་ངན་གུས་འདུད་ཞུ་བཞིན་ཡོད།
དེ་ཡང་འདས་པའི་ལོ་དྲུག་ཅུ་ལྷག་གི་རིང་ཚེ་འདས་སྤྱི་ཁྱབ་བློན་ཆེན་ཟུར་པ་མཆོག་གིས་ཆིངས་ཡིག་ནང་འཁོད་ཁུ་ནུ་དང་བོད་ཀྱི་མཛའ་མཐུན་གྱི་འབྲེལ་བ་དེ་མུ་མཐུད་རྒྱུན་སྐྱོང་དང་། ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་སྙིང་ཉེ་ཞིང་བོད་དོན་རྒྱབ་སྐྱོར་གནང་བ་དང་བཙན་བྱོལ་བོད་མི་རྣམས་ལ་རོགས་ཕན་གནང་བ་སོགས་ལོ་རྒྱུས་མང་པོ་ཡོད་པ་ལའང་བཀའ་དྲིན་རྗེས་དྲན་དང་། ལྷག་པར་ལོ་རྒྱུས་ཐོག་ཕན་ཚུན་ཆིངས་ཡིག་གཞིར་བཟུང་མཛའ་བརྩེའི་འབྲེལ་ལམ་དེ་རྒྱུན་གནས་ཡོང་བ་བཅས་ལ་དམིགས་ནས་དེ་རིང་གི་བརྒྱ་མཆོད་དང་སྨོན་ལམ་འདི་གོ་སྒྲིག་ཞུས་པ་ཞིག་ཡིན།
དེ་དང་བསྟུན་ཁུ་ནུ་དང་བོད་ཀྱི་མཛའ་འབྲེལ་གྱི་ལོ་རྒྱུས་དང་དམ་བཅའ། དེ་བཞིན་ཆོས་དང་མི་རིགས། སྐད་ཡིག་སོགས་ཀྱི་འབྲེལ་བ་དམ་ཟབ་ཁག་བོད་ཀྱི་མི་རབས་རྗེས་མ་ཚོས་མཁྱེན་རྟོགས་དང་། མ་རྗེད་ཡིད་འཛིན་བརྟན་པོར་ཡོང་ཆེད་ང་ཚོས་ཞེ་དགུའི་སྨོན་ལམ་དང་བསྟུན་ཁུ་ནུའི་བླ་ཆེན་མི་ཆེན་དང་མཁས་དབང་ཁག་གདན་འདྲེན་གྱིས་དེའི་སྐོར་ངོ་སྤྲོད་ཡོང་བར་གལ་ཆེ་མཐོང་ནས་དཔལ་ལྡན་སྲིད་སྐྱོང་མཆོག་གི་ལམ་སྟོན་བཞིན་འབད་བརྩོན་ཞུས་རུང་གོ་སྒྲིག་གི་དུས་ཚོད་ཉི་མ་བཅུ་གྲངས་ལས་མེད་པར་དུས་ཚོད་ཐུང་ཐུང་ནང་གྲ་སྒྲིག་ཆ་ཚང་ཞུས་པ་དང་། ལྷག་པར་ཁུ་ནུ་ཁུལ་གྱི་མི་ཆེན་བླ་ཆེན་དང་མཁས་དབང་སྐོར་ཨ་མྱེ་རྨ་ཆེན་གྱི་རྒན་བཀྲ་ཤིས་ཚེ་རིང་ལགས་ཀྱིས་རོགས་གནང་སྟེ་ཆ་ཚང་བ་ལྟ་བུ་བྱུང་ཞིང་ལས་བྱེད་ཁག་གཅིག་གིས་ཉིན་མཚན་དང་ལས་དུས་ཡིན་མིན་ལ་མ་ལྟོས་པར་གང་ཡོང་ཅི་ཡོང་གནང་རུང་མང་ཆེ་བར་འབྲེལ་བ་བྱེད་མ་ཐུབ་པར་དེ་རིང་གི་སྨོན་ལམ་ཐོག་གདན་འདྲེན་ཞུ་མ་ཐུབ་པར་བློ་ཕམ་དང་། དེའི་གུན་གསབ་ལྟ་བུར་གསུང་བཤད་ཁག་དང་འབྲེལ་བ་བྱས་མ་ཐུབ་པའི་རྐྱེན་གྱིས་ཚོགས་ཐོག་གདན་འདྲེན་ཞུ་མ་ཐུབ་པའི་ཁུ་ནུའི་བླ་ཆེན་མི་ཆེན་དང་མཁས་དབང་ཁག་གིས་ཡིག་ཐོག་ཏུ་གནང་རོགས་ཞེས་ཞུ་འཆར་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་ནས་པར་སྐྲུན་བརྒྱུད་ལོ་རྒྱུས་ཐོག་བོད་ཀྱི་ཆོས་དང་རིག་གཞུང་ལ་མཛད་རྗེས་རླབས་ཆེན་འཇོག་པ་དང་། བཙན་བྱོལ་བོད་མི་ལ་རོགས་ཕན་གནང་བ་བཅས་ལ་བཀའ་དྲིན་མ་རྗེད་པ་དང་། དེ་བཞིན་བོད་དང་ཁུ་ནུ་བར་མཛའ་འབྲེལ་གྱི་ལོ་རྒྱུས་མདུད་པ་དེ་མ་གྲོལ་པར་མུ་མཐུད་རྒྱུན་མཐུད་ཡོང་ཆེད་ཞབས་ཞུ་ཡོང་བའི་རེ་བའམ་སྨོན་ལམ་ཡོད། ཅེས་གསུང་བཤད་གནང་གྲུབ་མཚམས་དགོངས་རྫོགས་ཞེ་དགུའི་སྨོན་ལམ་གསུང་འདོན་དང་གཏམ་བཤད་ལས་རིམ་དབུ་འཛུགས་གནང་ཡོད།
སྤྱིར་ཉིན་གྲངས་གཅིག་རིང་གི་གཏམ་བཤད་ལས་རིམ་ཐོག་བྷ་གཏ་སིངྒ་ཀི་ནོ་རི་ ( Shri Bhagat Singh Kinnaur) ལགས་ཀྱིས་ཧི་མཱ་ཅལ་མངའ་