༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རྟག་ཏུ་ཆོས་ལུགས་ནང་ཁུལ་མཐུན་སྒྲིལ་དགོས་པའི་བཀའ་སློབ་ཡང་ཡང་ཕེབས་ཀྱི་ཡོད་པ་ལྟར། ཕྱི་ལོ་ ༢༠༢༡ ཟླ་ ༨ ཚེས་ ༢༨ ཉིན་ཤིས་ལོངས་ས་གནས་འགོ་འཛིན་པདྨ་དོན་གྲུབ་ལགས་ཀྱིས་ཤིས་ལོངས་ས་གནས་ཀྱི་ཡི་ཤུའི་མཁན་པོ་སྐུ་ཞབས་ཝི་ཁི་ཊར་ལིན་ཌོ་ (Victor Lyndoh) མཆོག་དང་མཇལ་འཕྲད་ཀྱིས་བོད་མིའི་སྒྲིག་འཛུགས་དང་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་ཡི་ཤུའི་མཁན་པོ་ཝི་ཁི་ཊར་ལིན་ཌོ་མཆོག་ལ་དྲན་རྟེན་ཕྱག་རྟགས་དང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཡེ་ཤུའི་བླ་ཆེན་ཌེ་སི་མོན་ཊུ་ཊུ་མཆོག་གིས་མཛད་པའི་དཔེ་དེབ་ (Book Of Joy) ཞེས་པ་ཞིག་ཕུལ་ཡོད།
མཇལ་འཕྲད་སྐབས་ཡི་ཤུའི་སློབ་དཔོན་རི་ཆར་ཌི་མཱ་ཇའོ་ (Fr. Richard Majaw) ལགས་དང་ཁར་ཀོན་གོར་ (EH Kharkongor) ལགས་ཀྱང་ཕེབས་གནང་ཡོད་པ་བཅས།།