༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༨ ཚེས་ ༡༣ ཉིན་ཤིས་ལོང་ས་གནས་འགོ་འཛིན་པདྨ་དོན་གྲུབ་ལགས་དང་། ལས་དྲུང་བསྟན་འཛིན་དབྱངས་ཅན་ལགས། ཡན་ལག་སྨན་རྩིས་ཁང་གི་སྨན་པ་བསྟན་འཛིན་མཚོ་མོ་ལགས། དགོན་པའི་སྐུ་ཚབ་བཅས་ཀྱིས་རྒྱ་གར་བྱང་ཤར་མེ་གྷ་ལ་ཡ་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་སཏྱ་པཱལ་མ་ལིཀ་ (Satya Pal Malik) མཆོག་དང་མཇལ་འཕྲད་གནང་ཡོད།
སྐབས་དེར་ཤིས་ལོང་ས་གནས་འགོ་འཛིན་པདྨ་དོན་གྲུབ་ལགས་ཀྱིས་རྒྱ་གར་བྱང་ཤར་མེ་གྷ་ལ་ཡ་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་སཏྱ་པཱལ་མ་ལིཀ་མཆོག་ལ་འཚམས་འདྲིའི་མགུལ་དར་དང་། ཐུགས་རྗེ་ཆེ་ཞུ་མཚོན་དོན་དུ་དྲན་རྟེན་ཕྱག་རྟགས་ཕུལ་ཡོད་པ་མ་ཟད། ས་གནས་སུ་དགོན་པ་དང་རིག་གཞུང་བསྟི་གནས་ཁང་གསར་བཟོ་སླད་མཐུན་འགྱུར་ཡོང་བའི་འབོད་སྐུལ་ཞུས་པར་མངའ་སྡེའི་སྲིད་སྐྱོང་མཆོག་གིས་ཞལ་བཞེས་གནང་ཡོད་པ་བཅས། །