༄༅། །འདི་ནས་ ༢༠༢༡ ཟླ་ ༧ ཚེས་ ༨ ཉིན་ཕྱི་དྲིལ་ཁྱབ་ཁོངས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཆེད་ཁྱད་ལས་དྲུང་གཞོན་ ས་མིག་ ༡ ཆེད་སྲི་ཞུའི་ཞབས་འདེགས་ཞུ་བློ་ཡོད་རིགས་ནས་འཚང་སྙན་སྦྲག་ཐོག་ངེས་པར་གཏོང་གནང་ཡོང་བ་གསལ་ བསྒྲགས་སྤེལ་བ་བཞིན་། དོན་དམ་འཚང་སྙན་བ་གཅིག་ལས་འབྱོར་མེད་སྟབས། ལྷན་ཚོགས་ནས་ཐག་གཅོད་གནང་དོན་ ཁྱད་ལས་དྲུང་གཞོན་གསར་འདེམས་དེ་བཞིན་ ༢༠༢༡ ཟླ ༩ ཚེས་ ༡༣ བར་ཕར་འགྱངས་གནང་སོང་བ་དེ་དོན་ཞབས་ འདེགས་ཞུ་འདོད་ཡོད་རིགས་ནས་འཚང་སྙན་འབུལ་གནང་ཡོང་བ་ཞུ།
ཁྱད་ལས་དྲུང་གཞོན་ས་མིག་ ༡ ཆེད་དགོས་ངེས་ཆ་རྐྱེན་གཤམ་གསལ།
༡༽ ཤེས་ཚད། རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་དང་འབྲེལ་བའི་སློབ་ཚན་ཐོག་ཉུང་མཐར་འབུམ་རམས་པའི་་ (PhD) ཐོན་པའི་ལག་འཁྱེར་ཡོད་པ། ཡང་ན། རྒྱལ་རབས་ལོ་རྒྱུས་ཐོག་ (M. Phil History) ལག་འཁྱེར་ཐོག་ལོ་ ༤ ལས་ཀའི་ཉམས་མྱོང་ཡོད་པ་དགོས།
༢༽ ལོ་ཚད། ༢༠༢༡།༠༩།༠༡༣ ཉིན་རང་ལོ་ ༢༡ ལས་མི་ཉུང་ཞིང་ ༤༠ ལས་མ་བརྒལ་བ་དགོས།
༣༽ རྒྱུགས་གཞི། ངག་རྒྱུགས་ཚད་ལྡན་གྱི་ལམ་ནས་འདེམས་སྒྲུག་གནང་རྒྱུ།
༤༽ ལས་འགན། རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་དང། བོད་ནང་འཛུགས་བསྐྲུན་དང་བདེ་འཇགས་སྐོར་ཉམས་ཞིབ་ ཞུ་རྒྱུ།
གོང་གསལ་ས་མིག་ཐོག་ཆ་རྐྱེན་ལྡན་རིགས་ནས་འདི་ག་ལས་ཁུངས་དང། ས་གནས་འགོ་འཛིན་ལས་ཁུངས། གཞུང་འབྲེལ་དྲ་རྒྱ་ (www.tibet.net) ནས་བོད་ཡིག་ཐོག་གཏན་འབེབས་ཡོད་པའི་འཚང་སྙན་འགེངས་ཤོག་ཕབ་ལེན་གྱིས་དོན་ཚན་རྣམས་འཚེམས་ལུས་མེད་པ་བཀང་ཟིན་རྗེས།
༡༽ རང་ཉིད་ཀྱི་ད་ལྟའི་ཕྱེད་པར་ཚོན་ལྡན་ ༢ རེ་། (One passport & one stamp size photo)
༢༽ ཤེས་ཚད་ལག་འཁྱེར་དང་། ཨང་ཤོག (Degree Certificate & Marks sheet) བཅས་ཀྱི་ངོ་བཤུས།
༣༽ འབུལ་འབབ་གཙང་འབུལ་ཟིན་པའི་དཔྱ་དངུལ་ལག་དེབ་ཀྱི་ཤོག་གྲངས་དང་པོ་དང། གཉིས་པ། མཐའ་མ་བཅས་ཀྱི་ངོ་ བཤུས།
༤༽ སྐྱེས་ཚེས་ལག་འཁྱེར་ཡོད་ན་དང་། དེ་མིན་རང་ལོའི་ཁུངས་སྐྱེལ་ཆེད་འཛིན་རིམ་ ༡༠ པའི་ལག་འཁྱེར་གྱི་ངོ་བཤུས།
༥༽ བོད་མིའི་སྒྲིག་གཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཁྱབ་ཁོངས་རྒྱ་བོད་སྨན་ཁང་ཡོད་ན་དང། དེ་མིན་སྨན་ཁང་ཚད་ལྡན་ གང་རུང་ནས་ནད་རིགས་མེད་པར་གཟུགས་བབ་ལས་འཕེར་ཡིན་པའི་སྨན་པའི་ངོས་སྦྱོར་ཁ་གསར་སྟེང་རང་ཉིད་ཀྱི་འདྲ་ པར་མཉམ་སྦྱར་ཐོག་དག་མཆན་ལས་དམ་འཁོད་པ་ངོ་མ།
༦༽ རང་ཉིད་གཏན་སྡོད་བྱ་ཡུལ་སྐུ་ཚབ་དོན་གཅོད་དམ་ས་གནས་འགོ་འཛིན་གྱི་བྱ་སྤྱོད་ཐལ་སྐྱོན་མེད་པའི་ངོས་སྦྱོར་ (Character Certificate) ངོ་མ།
༧༽ གལ་སྲིད་སྒེར་གྱི་སྡེ་ཚན་གང་རུང་ནང་གཏན་འཇགས་ལས་ཀ་བྱེད་མུས་རིགས་ཡིན་ན་སྡེ་ཚན་དེའི་འགན་འཛིན་ནས་ དགག་ཆ་མེད་པའི་ངོས་སྦྱོར་ངོ་མ་དང་བཅས་གོང་གསལ་ངོ་བཤུས་ཡིག་ཆ་ཚང་མར་ས་གནས་འགོ་འཛིན་ནམ། ལས་ བྱེད་འདེམས་ལྷན་ནས་བསྐོ་གཞག་བྱས་པའི་ཟུང་དྲུང་གནས་རིམ་ཡན་སུ་རུང་གི་དག་མཆན་ལས་དམ་ (Attestation) ཞུས་ཏེ། ༢༠༢༡ ཟླ ༩ ཚེས་ ༡༣ ཉིན་རྒྱབ་ཚོུད་ ༥ པ་འགྱངས་མེད་རང་ཉིད་ཀྱི་ཁྱིམ་གཞིས་དང། ད་ལྟའི་སྡོད་གནས་སུ་ འབྲེལ་བ་གནང་བདེའི་ཁ་བྱང། ཁ་དཔར་ཨང། གློག་འཕྲིན། (E-mail) སོགས་ཁ་གསལ་བཀོད་དེ་གཤམ་གསལ་དྲུང་ ཆེའི་མཚན་བྱང་ཐོག་ཕུལ་འབྱོར་ཟིན་པ་དགོས་རྒྱུ། གོང་གསལ་དུས་བཀག་རྗེས་འཚང་སྙན་ཕུལ་འབྱོར་རིགས་རྩིས་མེད་ ཡིན། དུས་ཐོག་འབྱོར་རིགས་རྣམས་ཀྱི་ཡིག་ཆ་ཁག་ལ་ཞིབ་འཇུག་དང་འབྲེལ་འོས་ཆོས་ལྡན་པ་ཚོར་དུས་ ཐོག་འབོད་ བརྡ་བྱ་རྒྱུར་སྐབས་བསྟུན་ལག་འཁྱེར་སོགས་ཡིག་ཆ་ངོ་མ་ཁག་མཉམ་འཁྱེར་གྱིས་འབྱོར་ཐོ་འགོད་བཅར་དགོས་པ་ བཅས་ཀྱི་གསལ་བསྒྲགས་སུ། ལས་བྱེད་འདེམས་བསྐོ་ལྷན་ཁང་ནས་ ༢༠༢༡ ཟླ་ ༨ ཚེས་ ༡༣ ལ།།
Secretary
Public Service Commission
Central Tibetan Administration
Gangchen Kyishong, Dharamsala-176215
Distt.Kangra(H.P)
E-mail:[email protected]