༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༨ ཚེས་ ༩ རེས་གཟའ་ཟླ་བ་ཉིན་རྡ་ས་ས་གནས་འགོ་འཛིན་ཀུན་དགའ་ཚེ་རིང་ལགས་ཀྱི་སྣེ་ཁྲིད་འོག་བདེ་ལེགས་སྨན་ཁང་གི་འགན་འཛིན་ཟླ་བ་ཕུན་སྐྱིད་ལགས་དང་། ཡོངས་གླིང་སློབ་གྲྭའི་དབུ་འཛིན་ཟླ་བ་ཚེ་རིང་ལགས། ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་བསམ་གཏན་ལྷུན་གྲུབ་ལགས། གནས་ཆུང་དགོན་པའི་དགེ་བཤེས་བསོད་ནམས་གྲགས་པ་ལགས། ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་སྤྱི་ཉི་མ་བུ་འཁྲིད་ལགས། མེ་གྷན་ཚོང་པ་སྐྱིད་སྡུག་གི་ཚོགས་གཙོ་ཚེ་རིང་དབྱངས་འཛོམས་ལགས། ས་གནས་ཧིན་བོད་མཛའ་འབྲེལ་ཚོགས་པའི་སྤྱི་དམངས་འབྲེལ་མཐུད་པ་ཐུབ་བསྟན་བླ་མ་ལགས། ས་གནས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་ཉི་མ་ལགས་བཅས་ཀྱིས་ས་གནས་ཀྱི་རྒྱ་གར་གནད་ཡོད་མི་སྣ་རྩོམ་པ་པོ་དང་ཀ་ཅེ་རི་མཐོ་སློབ་གྱི་སློབ་སྤྱི་ཟུར་པ་སྐུ་ཞབས་པཱར་མཱ་ནནྟ་ཤརྨཱ་ (Prof.Parmananda Sharma) ལགས་དང་། ཧི་མཱ་ཅལ་མངའ་སྡེའི་བློན་ཆེན་ཟུར་པ་དང་བོད་དོན་ཐོག་ཡུན་རིང་རྒྱབ་སྐྱོར་གནང་མཁན་སྐུ་ཞབས་ཝེ་ཇེ་སིངྒ་མན་ཀོ་ཊི་ཡཱ་ (Vijay Singh Makotia) ལགས། ཧིན་བོད་མཛའ་འབྲེལ་ཚོགས་པའི་སློབ་སྟོན་པ་སྐུ་ཞབས་རཱམ་སྭ་རུབ (Ram Swaroop) ལགས་བཅས་ཀྱིས་གཙོས་པའི་གནད་ཡོད་མི་སྣ་ཁག་གཅིག་དང་མཇལ་འཕྲད་གནང་ཡོད།དེ་ཡང་ཐེངས་འདིར་མཇལ་འཕྲད་གནང་དགོས་དོན་གཙོ་བོ་ནི། ཁོང་རྣམ་པས་བོད་དོན་དང་བོད་མིར་རྒྱབ་སྐྱོར་ཤུགས་ཆེ་གནང་དང་གནང་བཞིན་པར་ཐུགས་རྗེ་ཆེ་ཞུ་ཆེད་དུ་བཅར་བ་ཞིག་ཡིན་འདུག་པ་བཅས། །
གསར་གནས།
འབྲེལ་གནས།