༄༅། །འདི་གར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་བཏང་གནས་ནང་འཁོད་དོན། དབུས་འོས་བསྡུ་ལས་ཁང་གི་ཞུ་སྐུལ་འབྱོར་དོན་ལྟར། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་ནས་མོན་གྷོ་འདོད་རྒུ་གླིང་ས་གནས་འཐུས་ཚོགས་སྐབས་ ༡༠ པའི་ཚོགས་གཙོ་ཟུར་པ་དགེ་བཤེས་རྣམ་རྒྱལ་རྒྱལ་མཚན་ལགས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༦༩ ཆ་རྐྱེན་འོག་འཕྲལ་སེལ་ས་གནས་ཁྲིམས་ཞིབ་པར་བསྐོ་གཞག་བགྱིས་ཏེ། ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༤ ཉིན་མོན་གྷོ་འདོད་རྒུ་གླིང་ས་གནས་འཐུས་ཚོགས་སྐབས་ ༡༡ པའི་བདམས་ཐོན་ས་འཐུས་ཚོགས་མི་ ༣༣ ནས་ཚོགས་མི་ ༣༢ དང་། དེ་དག་གི་ཁོངས་ནས་ཚོགས་གཙོ་དགེ་བཤེས་ལྷ་རམས་པ་བློ་བཟང་སྙན་གྲགས་ལགས་དང་། ཚོགས་གཞོན་པདྨ་རྡོ་རྗེ་ལགས་བཅས་ནས་འཕྲལ་སེལ་ས་གནས་ཁྲིམས་ཞིབ་པའི་མདུན་དུ་ལས་འཁུར་དམ་བཅའ་འབུལ་བཞེས་ལེགས་གྲུབ་བྱུང་འདུག་བཅས།།
གསར་གནས།
འབྲེལ་གནས།