༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༨ ཚེས་ ༡ ཉིན་བོན་གཞིས་ཌོ་ལན་ཇི་ས་གནས་འགོ་འཛིན་བློ་ལྡན་ཉི་མ་ལགས་དང་། ཚབ་གསར་བསྟན་འཛིན་ཆོས་འཕེལ་ལགས་རྣམ་གཉིས་དབར་ལས་འགན་རྩིས་ལེན་རྩིས་སྤྲོད་གནང་ཡོད།
དེ་ཡང་རྩིས་ལེན་རྩིས་སྤྲོད་ཀྱི་ལས་དོན་ལ་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་སྐུ་ཚབ་ཏུ་སིམ་སྤྱི་བསྟན་འཛིན་སྣང་བ་ལགས་སྤྲོད་དཔང་གིས་འགན་ཁུར་བཞེས་པའི་ཐོག་ས་གནས་འགོ་འཛིན་གསར་རྙིང་དབར་ལས་ཁུངས་ཀྱི་ཡིག་སྣོད་སོགས་རྩིས་ལེན་རྩིས་སྤྲོད་གནང་ཡོད་པ་བཅས། །