༄༅།།དབུས་ཏོག་དབྱིབས་གཉན་རིམས་ཛ་དྲག་ལས་དོན་ཚོགས་ཆུང་གི་ཚོགས་མི་རྣམས་ས་གནས་ཆ་བགོས་ཀྱིས་རྒྱ་གར་ལྷོ་ཕྱོགས་དང་། དབུས་ཁུལ། བྱང་ཤར། ཧི་མ་ཅཱལ་བཅས་སུ་ཡོད་པའི་བོད་མི་འདུ་སྡོད་ཁག་ཏུ་གཞུང་འབྲེལ་ཕྱོགས་བསྐྱོད་ཀྱིས་ནད་རླབས་གསུམ་པའི་གྲ་སྒྲིག་གནང་ཕྱོགས་ཀྱི་ལམ་སྟོན་དང་རྟོག་ཞིབ་གནང་རྒྱུའི་ལས་རིམ་བསྒྲིགས་པ་བཞིན་ཕྱི་ལོ་ ༢༠༢༡ ཟླ་ ༨ ཚེས་ ༢༦ ནས་ ༣༠ བར་དབུས་ཏོག་དབྱིབས་གཉན་རིམས་ཀྱི་ཛ་དྲག་ལས་དོན་ཚོགས་ཆུང་གི་ཚོགས་མི་ཤེས་རིག་དྲུང་ཆེ་འཇིགས་མེད་རྣམ་རྒྱལ་ལགས་དང་། བོད་ཀྱི་སྨན་རྩིས་ཁང་གི་འགན་འཛིན་ཚེ་རིང་བཀྲིས་ལགས། སྨན་རྩིས་ཁང་གི་སྨན་པ་རིག་འཛིན་བཟང་མོ་ལགས། འཕྲོད་བསྟེན་ལས་བྱེད་བསྟན་འཛིན་དབང་གྲགས་བཅས་ཧི་མ་ཅཱལ་ནང་ཡོད་པའི་བོད་མིའི་གཞིས་ཆགས་བཀྲ་ཤིས་ལྗོངས། སྦིར་བོད་ཚོགས། སྦིར་སྡེ་དགེ ཅོན་ཏ་ར་ནང་ཆེན། མཚོ་པདྨ། རྡོ་སྦི་གཞིས་ཆགས། ཀུལླུ་དང་མཱ་ནཱ་ལི་ཁུལ། སྤོན་ཊོ་བཀྲ་ཤིས་གླིང་། དེ་བཞིན་དགོན་སྡེ་ཁག སློབ་གྲྭ་བཅས་ཀྱི་ས་གནས་ཛ་དྲག་ལས་དོན་ཚོགས་ཆུང་གི་ཚོགས་མི་རྣམས་དང་ལྷན་གོ་བསྡུར་དང་། དགོས་གལ་ཅ་དངོས། དེ་བཞིན་འགོག་དབྱེ་ཟུར་འཇོག་ཁང་དང་ཟུར་བཀག་གནང་ཡུལ། ཏོག་དབྱིབས་བལྟ་སྐྱོང་ཁང་། ཛ་དྲག་གནས་སྟངས་བྱུང་ཚེ་ཉེ་འཁོར་རྒྱ་གར་སྨན་ཁང་མཉམ་འབྲེལ་ལམ་གནང་ཕྱོགས། འགོག་ཁབ་ཀྱི་གནས་སྟངས་སོགས་ལ་རྟོག་ཞིབ་ཀྱིས་དྷ་སར་ཕྱིར་འཁོར་གནང་ཡོད་འདུག་པ་དང་། རིམ་པས་ཧི་མ་ཅལ་ཁུལ་གྱི་ས་གནས་གཞན་ཁག་ལ་ཡང་རྟོག་ཞིབ་གནང་འཆར་ཡོད་འདུག་པ་བཅས། །
གསར་གནས།
འབྲེལ་གནས།