༄༅། །འདི་གར་ཤེས་རིག་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༢ ལོའི་ཨ་རིའི་བོད་མིའི་སློབ་ཡོན་གྱི་མི་འགྲོ་འདེམས་སྒྲུག་ཆེད་སྔོན་འགྲོའི་བོད་ཡིག་ཡིག་རྒྱུགས་ (GWTT) དེ་རིང་ཕྱི་ལོ་ ༢༠༢༡ ཟླ་ ༧ ཚེས་ ༡༣ ཉིན་སྔ་དྲོ་ཆུ་ཚོད་ ༡༠ པའི་ཐོག་རྒྱ་གར་གྱི་ས་གནས་ ༡༩ དང་། བལ་ཡུལ་གྱི་ས་གནས་གཅིག་བཅས་སུ་རྒྱལ་ཁབ་སོ་སོའི་ཏོག་དབྱིབས་གཉན་རིམས་ ༡༩ སྔོན་འགོག་གི་ལམ་སྟོན་བཞིན་གོ་སྒྲིག་ཞུས་ཡོད། སྔོན་འགྲོའི་ཡིག་རྒྱུགས་དེའི་ནང་རྒྱ་གར་ནས་སློབ་ཕྲུག་ ༧༦ དང་། བལ་ཡུལ་ནས་སློབ་ཕྲུག་ ༩ ཡིས་འཛུལ་བཞུགས་གནང་ཡོད།
ཐོག་མའི་ཆར་ཟླ་ ༤ ཚེས་ ༢༤ ཉིན་བོད་ཡིག་ཡིག་རྒྱུགས་ཀྱི་དུས་ཚོད་བཟོས་ཟིན་ཀྱང་ཏོག་དབྱིབས་གཉན་རིམས་ ༡༩ ཁྱབ་གདལ་ཇི་ཆེའི་དབང་གིས་དེ་རིང་བར་དུ་ཕར་འགྱངས་མ་བྱེད་ཀ་མེད་ཁེལ།
ད་ལན་ས་གནས་ཀྱི་འགོ་འཛིན་རྣམ་པ་དང་སྡེ་ཁག་གི་ཕྱག་རོགས་ལ་བརྟེན་ནས་སྔོན་འགྲོའི་ཡིག་རྒྱུགས་འཐུས་ཚང་ངང་གོ་སྒྲིག་ཞུ་ཐུབ་པ་བྱུང་བ་མ་ཟད། མོན་གྷོ་ས་གནས་འགོ་འཛིན་གྱིས་ཐུགས་འགན་འོག་ཏོག་དབྱིབས་གཉན་རིམས་ ༡༩ འཕོགས་པའི་ནད་པ་ཞིག་ཀྱང་ཡིག་རྒྱུགས་ནང་འཛུལ་ཞུགས་ཐུབ་པ་བྱུང་ཡོད་ལ། གོང་གི་འཛུལ་བཞུགས་པའི་ཁྲོད་ནས་མི་འགྲོ་ ༣༠ ཉེ་བའི་གཙུག་ལག་རབ་འབྱམས་པའི་བརྒྱ་ཆའི་རྩེ་བཏོག་གི་ལམ་ནས་ངག་རྒྱུགས་ལ་ཞུགས་ཐུབ་ཀྱི་ཡོད། ལས་གཞི་འདིར་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་ཤེས་ཡོན་དང་རིག་གཞུང་ལྷན་ཁང་གིས་དཔལ་འབྱོར་མཐུན་འགྱུར་ཞུས་ཡོད།
ཨ་རིའི་བོད་མིའི་སློབ་ཡོན་ལས་གཞི་འདིའི་འོག་ནས་ལོ་ངོ་ ༣༤ ནང་བོད་མི་ ༤༧༥ ཡིས་རིག་གནས་འདྲ་མིན་ཐོག་གཙུག་ལག་རབ་འབྱམས་པའི་བསླབས་པ་མཐར་སོན་པ་བྱུང་ཡོད།། །།