༄༅། །འདི་གར་ནང་སྲིད་ལས་ཁུངས་ནས་བཏང་གནས་ནང་འཁོད་དོན། ཕྱི་ལོ་ ༢༠༢༡ ཟླ་ ༧ ཚེས་ ༤ ཉིན་ལ་དྭགས་སླེ་ཉེ་འགྲམ་འབྲོག་སྡེ་འདུད་གཅིག་ས་གནས་སུ་རང་རིགས་འབྲོག་པ་དུད་ཚང་བདུན་གྱི་འཚོ་བའི་རྟེན་གཞི་སེམས་ཅན་ར་ལུག་ལ་ནད་གཞི་ཕོག་སྟེ་འཆི་སྐྱོན་བྱུང་བའི་གནས་ཚུལ་གོ་ཐོས་བྱུང་འཕྲལ་འདི་ནས་ལ་སྤྱི་ལ་འབྲེལ་ལམ་ཞུས་ཏེ་ཞིབ་རྩོད་ཞུས་པར་ཕྱི་ཚེས་ ༤ ནས་ ༢༣ བར་ར་ལུག་འཆི་སྐྱོན་བྱུང་བ་གྲངས་ ༧༠༤ སྙན་གསན་བྱུང་བར་འདི་ནས་༸དཔལ་ལྡན་བཀའ་ཤག་ལ་བརྒྱུད་རིམ་བཀའ་འཁྲོལ་དང་སྦྲགས་སེམས་ཅན་འཆི་སྐྱོན་བྱུང་བའི་དུད་ཚང་བདུན་གྱི་ཆེད་ཛ་དྲག་དཀའ་སེལ་སླད་ཧིན་སྒོར་འབུམ་ ༢ ལམ་འཕྲལ་ཁུངས་གཏོང་ཞུས་པ་ཕན་རླབས་ཅི་ཆེ་བྱུང་བའི་སྙན་ཐོ་འཕྲོད་འབྱོར་བྱུང་།སྤྱིར་ས་གནས་དེར་བོད་རིགས་དུད་ཚང་བརྒྱད་ཡོད་པ་དང་ཁྱོན་ར་ལུག་གྲངས་ ༣༥༠༠ ཡོད་པ་ནས་ར་ལུག་ལ་ན་ཚ་ཕོག་སྟེ་ད་བར་འཆི་སྐྱོན་ཇི་བྱུང་ཞིབ་འཇུག་གིས་གྲངས་ཐོ་འབུལ་དགོས་ཁུངས་ཁྱབ་ལམ་སྟོན་སྔོན་སོང་ལྟར་འདི་ཚེས་ ༢༦ བར་ར་ལུག་འཆི་སྐྱོན་བྱུང་བའི་གྲངས་ཐོའི་ནང་ཁྱོན་ར་ལུག་ ༩༧༣ འཆི་སྐྱོན་བྱུང་འདུག ད་ལྟའི་ཆར་གནས་སྟངས་ཇི་ཆགས་ལ་དཀའ་སེལ་ཐབས་འཚོལ་འབད་བརྩོན་ཞུ་མུས་ཡིན་པ་བཅས། །
གསར་གནས།
འབྲེལ་གནས།