༄༅། །འཕགས་ཡུལ་མཚོ་པདྨ་འཛི་སྒར་དགོན་པ་ནས་ཕྱི་ལོ་ ༢༠༢༡ ཟླ་ ༦ ཚེས་ ༢༩ རེས་གཟའ་མིག་དམར་ཉིན་མཚོ་པདྨ་དབུ་རྩེ་རི་ཁྲོད་དང་། དེ་བཞིན་འབྲི་གུང་བཀའ་བརྒྱུད་དགོན་པ། མཚོ་པདྨ་ཟངས་མདོག་དཔལ་རིའི་སྐུ་མཚམས་པ་རྣམས། ས་གནས་མཚོ་པདྨའི་མི་མང་། མན་ཌི། སྤོན་ཌོ། ས་གནས་ཡུལ་མི། གཞན་ཡང་གཉུག་མར་གནས་པའི་བོད་མི་རང་ལོ་ ༡༨ ནས་ ༤༤ མན་གྱི་བོད་མིར་ཏོག་དབྱིབས་གཉན་རིམས་སྔོན་ཁབ་རིམ་པ་དང་པོ་མ་ཐོབ་པ་ཁྱོན་མི་གྲངས་ ༨༩ ལ་སྨན་ཁབ་ཀྱི་མཐུན་འགྱུར་གནང་ཡོད་པ་བཅས། །