༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༧ ཚེས་ ༣ དང་ ༤ བཅས་ཉིན་གྲངས་གཉིས་རིང་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་དབུ་མའི་ལམ་གྱི་ལས་འཆར་གོ་
ཐེངས་འདིའི་ཟབ་སྦྱོང་ནང་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་ཁུལ་གྱི་མཐོ་རིམ་སློབ་གྲྭ་ཁག་ནང་སློབ་གཉེར་གནང་བཞིན་པའི་བོད་པའི་སློབ་ཕྲུག་ ༢༢ མཉམ་ཞུགས་གནང་ཡོད་པ་དང་། ཟབ་སྦྱོང་གི་དམིགས་ཡུལ་གཙོ་བོ་ནི་མཐོ་སློབ་འགྲིམ་བཞིན་པའི་བོད་པའི་སློབ་མ་ཚོའི་ཁྲོད་དབུ་མའི་ལམ་གྱི་སྲིད་བྱུས་སྐོར་གོ་རྟོགས་གོང་མཐོར་གཏོང་ཆེད་ཡིན་འདུག
དེ་ཡང་ཕྱི་དྲིལ་འགྲོ་བ་མིའི་ཐོབ་ཐང་ཚན་པའི་ལས་བྱེད་བསྟན་འཛིན་ཀུན་མཁན་ལགས་ཀྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་ཞེས་པའི་སྐོར་གསུང་བཤད་གནང་ཡོད།
སྤྱིར་ཉིན་གྲངས་གཉིས་རིང་གི་ཟབ་ཁྲིད་གནང་མཁན་ཕྱི་དྲིལ་ལས་བྱེད་འབྲུག་བསྟན་སྐྱིད་ལགས་དང་རིན་ཆེན་ལགས་རྣམ་གཉིས་ཡིན་པ་བཅས། །