༄༅། །ལ་དྭགས་དབུས་འཛིན་མངའ་ཁུལ་གྱི་མཐུན་འགྱུར་འོག་ས་གནས་འཕྲོད་བསྟེན་སྨན་ཁང་བརྒྱུད་ཕྱི་ལོ་ ༢༠༢༡ ཟླ་ ༣ ནང་ཏོག་དབྱིབས་གཉན་རིམས་སྔོན་འགོག་སྨན་ཁབ་རྒྱག་འགོ་བཙུགས་ཏེ་ལ་དྭགས་དང་བྱང་ཐང་ཁུལ་གནས་སྡོད་བོད་མི་བརྒྱ་ཆ་ ༨༠ ལ་ཏོག་དབྱིབས་གཉན་རིམས་ཀྱི་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་དེ་བརྒྱབ་ཡོད།དེ་ཡང་ས་གནས་འཕྲོད་བསྟེན་སྨན་ཁང་ནས་ཕྱི་ཟླ་ ༦ ཚེས་ ༡༡ ཉིན་བར་རང་ལོ་བཅོ་བརྒྱད་ཡན་གྱི་བོད་མི་ཁྱོན་ ༢༥༩༧ དང་། ས་གནས་ཡུལ་མི་ཁྱོན་ ༡༦༦ ཙམ་ལ་སྔོན་འགོག་སྨན་ཁབ་རིམ་པ་དང་པོ་བརྒྱབ་ཡོད་པ་དང་། གཞན་ཡང་བོད་མི་ཁྱོན་ ༡༢༨༣ དང་ཡུལ་མི་ཁྱོན་ ༡༦༦ ལ་སྔོན་འགོག་སྨན་ཁབ་རིམ་པ་གཉིས་པ་བརྒྱབ་ཟིན་འདུགསྤྱིར་རྒྱ་གར་ནང་རང་ལོ་ ༡༨ ནས་ ༤༤ བར་སྔོན་འགོག་སྨན་ཁབ་རྒྱག་རྒྱུ་འགོ་བཙུགས་པ་ནས་བཟུང་རྒྱ་གར་ནང་སྔོན་འགོག་སྨན་ཁབ་མི་ཐོབ་པའི་དཀའ་ངལ་ཡོད་ནའང་། ས་གནས་འཕྲོད་བསྟེན་སྨན་ཁང་གི་མཐུན་འགྱུར་འོག་རང་ལོ་ ༡༨ ནས་ ༤༤ བར་གྱི་བོད་མི་གྲངས་ ༧༩༩ ལ་སྔོན་འགོག་སྨན་ཁབ་དང་པོ་བརྒྱབ་ཐུབ་པ་བྱུང་ཡོད་པ་བཅས། །
གསར་གནས།
འབྲེལ་གནས།