༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༦ ཚེས་ ༢༦ ཉིན་ཏེ་རྒྱལ་སྤྱིའི་མྱོས་རྫས་ལང་ཤོར་ཉིན་མོར་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ནས་དྲ་རྒྱ་བརྒྱུད་སློབ་ཕྲུག་དང་། མདུན་ལམ་སློབ་སྟོན་པ་ཁག་གཅིག་ལ་རྒྱ་གར་ནང་གི་བོད་པའི་སྤྱི་ཚོགས་ཁྲོད་མྱོས་རྫས་ཀྱི་དཀའ་ངལ་ཐོག་གོ་རྟོགས་སྤེལ་སླད་ལས་རིམ་ཞིག་གོ་སྒྲིག་ཞུས་ཡོད།
དེ་ཡང་དྲ་ཐོག་གི་ལས་རིམ་ནང་སྡེ་ར་སྡུན་དུ་རྟེན་གཞི་བྱས་པའི་ཞི་བདེ་ཁང་གསར་མྱོས་རྫས་ལང་ཤོར་བཅོས་ཐབས་ཁང་དུ་ལོ་ ༡༧ ལྷན་ཕྱག་ལས་གནང་མྱོང་མཁན་ངག་དབང་ཉི་མ་ལགས་དང་ལྡི་ལི་མཐོ་སློབ་ནས་ཡིན་པའི་མྱོས་རྫས་ལང་ཤོར་ལས་དྲག་སྐྱེད་བྱུང་མཁན་སྤེན་པ་ཚེ་རིང་ལགས་རྣམ་གཉིས་ཀྱིས་སྣེ་ཁྲིད་དེ་མྱོས་རྫས་ལང་ཤོར་གྱི་སྐོར་དང་། མྱོས་རྫས་རིགས་ལང་ཤོར་དུ་སོང་བའི་རྒྱུ་རྐྱེན། དེ་བཞིན་མྱོས་རྫས་ལང་ཤོར་བ་རང་ཉིད་ཀྱི་ནང་མི་དང་གྲོགས་པོར་ཇི་ལྟར་རོགས་རམ་བྱེད་དགོས་མིན་སོགས་ཀྱི་བརྗོད་གཞིའི་ཐད་གསུང་བཤད་དང་གྲོས་བསྡུར་གནང་ཡོད་པ་བཅས། །