༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༦ ཚེས་ ༣ རེས་གཟའ་ཕུར་བུ་ཉིན་གྱི་སྔ་དྲོར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་དང་ལས་བྱེད་འདེམས་ལྷན་གྱི་ཚོགས་གཙོ་གཅིག་ལྕོགས་དཔེ་ཟུར་དབང་འདུས་ཚེ་རིང་ལགས་དང་། དྲུང་ཆེ་ཚེ་རིང་དབྱངས་སྐྱིད་ལགས། དེ་བཞིན་སྤྱི་ཁྱབ་རྩིས་ཞིབ་འགན་འཛིན་ཨརྱ་པདྨ་དགྲ་འདུལ་ལགས་དང་། དྲུང་ཆེ་ལྷུན་གྲུབ་སྒང་བཀྲ་ཤིས་སྟོབས་རྒྱལ་ལགས། ཟུང་དྲུང་འཕྲིན་ལས་ཆོས་འཕེལ་ལགས་བཅས་དང་མཇལ་འཕྲད་གནང་ཡོད།དེ་ཡང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་སོགས་དང་མཇལ་འཕྲད་གནང་དགོས་དོན་གཙོ་བོ་ནི། དེ་སྔ་འོས་བསྡུའི་སྐབས་ཁས་ལེན་གནང་བ་ལྟར། བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་ངོས་ནས་བོད་པའི་སྤྱི་ཚོགས་ཁྲོད་མཐུན་སྒྲིལ་གྱི་ནུས་པ་གོང་མཐོར་གཏོང་གནང་ཆེད་ཡིན་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་སྐབས་ ༡༦ པའི་ངོས་ནས་རིམ་བཞིན་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་འགན་འཛིན་དང་། དེ་བཞིན་གསར་འགོད་པ་བཅས་སྙོབ་ཐུབ་ཐབས་གནང་རྒྱུ་ཡིན་པ་བཅས། །
གསར་གནས།
འབྲེལ་གནས།