༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༦ ཚེས་ ༡ རེས་གཟའ་མིག་དམར་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཆེས་མཐོའི་ཁྲིམས་ཞིབ་ཁང་དུ་ཆེད་ཕེབས་ཀྱིས་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་མཆོག་དང་། ཁྲིམས་ཞིབ་པ་ཀརྨ་དགྲ་འདུལ་མཆོག ཁྲིམས་ཞིབ་པ་བསྟན་འཛིན་ལུང་རྟོགས་མཆོག་བཅས་དང་མཇལ་འཕྲད་གནང་ཡོད།
དེ་ཡང་མཇལ་འཕྲད་གནང་དགོས་དོན་གཙོ་བོ་ནི། དེ་སྔ་འོས་བསྡུའི་སྐབས་ཁས་ལེན་གནང་བ་ལྟར། བོད་པའི་སྤྱི་ཚོགས་ཁྲོད་མཐུན་སྒྲིལ་གྱི་ནུས་པ་ཆེ་རུ་གཏོང་བར་དང་ཐོག་སྒྲིག་འཛུགས་ཀྱི་འགོ་ཁྲིད་ངོས་ནས་མཐུན་སྒྲིལ་གནང་ཆེད་ཡིན་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་སྐབས་ ༡༦ པའི་ངོས་ནས་རིམ་བཞིན་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་འགན་འཛིན་དང་། དེ་བཞིན་གསར་འགོད་པ་བཅས་སྙོབ་ཐུབ་ཐབས་གནང་རྒྱུ་ཡིན།
དེ་རིང་ཐོག་མར་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་འགོ་འཛུགས་ཀྱིས་རིམ་བཞིན་མང་གཙོའི་ཀ་བ་གཞན་དང་། རང་དབང་ཅན་གྱི་སྡེ་ཚན་ཁག་སོགས་དང་མཇལ་འཕྲད་གནང་རྒྱུ་ཡིན་འདུག་པ་བཅས། །