༄༅། ། སི་ལོ་ཝག་ (Slovak) ཡུལ་གྱི་གྲོས་ཚོགས་ཀྱི་ཚོགས་གཞོན་སྐུ་ཞབས་ (Mr. Gábor Grendel) མཆོག་དང་། གྲོས་ཚོགས་འཐུས་མི་དང་སི་ལོ་ཝག་གི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འཐུས་མི་སྐུ་ཞབས་ (Peter Osusky) མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་བདམས་ཐོན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་འཚམས་འདྲི་གནང་བའི་ནང་འཁོད་དོན། སྐུ་ཉིད་མང་གཙོའི་ལམ་ནས་སྲིད་སྐྱོང་སུ་བདམས་ཐོན་བྱུང་བར་སྤྲོ་སེམས་འཁོལ་བའི་ངང་ནས་འཚམས་འདྲི་ཞུ་རྒྱུ་ཡིན་པས་སྐུ་ཉིད་ཀྱིས་ངོས་ལེན་གནང་རོགས།
ད་ལྟའི་དཀའ་ཚེགས་ཆེ་བའི་གནས་སྟངས་འོག་བོད་མི་རྣསས་ཀྱིས་མང་གཙོའི་ལམ་ནས་འོས་བསྡུ་རྒྱལ་ཁའི་ངང་ལེགས་གྲུབ་ཐུབ་པར་བསྔགས་བརྗོད་ཞུ་རྒྱུ་ཡིན། དེ་ལྟ་བུའི་རང་དབང་ལྡན་པའི་འོས་བསྡུ་དེ་བཞིན་བོད་ནང་དུའང་འཚོགས་ཐུབ་པ་ང་ཚོར་ཡིད་ཆེས་ཡོད། སི་ལོ་ཝག་ཀི་ཡ་ནང་ལོ་ལྟར་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་ས་གནས་སྲིད་གཞུང་དང་མི་སྒེར་བཅས་ཡུལ་མི་བརྒྱ་ཕྲག་ཁ་ཤས་ཀྱིས་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཀྱིས་བོད་ཀྱི་རང་དབང་ལ་རྒྱབ་སྐྱོར་ཞུ་གི་ཡོད་ལ། ཕྱི་ལོ་ ༢༠༡༠ ལོར་རྩ་འཛུགས་གནང་བའི་སི་ལོ་ཝག་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་ཀྱིས་ཀྱང་སི་ལོ་ཝག་སྤྱི་མཐུན་རྒྱལ་ཁབ་གྱི་གྲོས་ཚོགས་ཀྱི་སྡིངས་ཆའི་ཐོག་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་ཀྱིས་བོད་ཀྱི་རང་དབང་ལ་རྒྱབ་སྐྱོར་ཞུ་གི་ཡོད། ཅེས་དང་།
དེ་བཞིན་མི་རིགས་གཉིས་དབར་ཐུན་མོང་ཐོག་ལོ་རྒྱུས་ཁྲོད་བརྒྱུད་མྱོང་བའི་བཙན་འཛུལ་དང་། དབང་ཆ་གཅིག་སྡུད་ཀྱི་སྲིད་དབང་གསལ་འདོན་གནང་སྟེ། ང་ཚོས་རང་དབང་དང་། འགྲོ་བ་མིའི་ཐོབ་ཐང་ག་ཚོད་ཀྱིས་གལ་འགངས་ཆེན་པོ་ཡིན་པ་ཤེས་ཀྱི་ཡོད། བོད་མི་ཚོས་རང་སྲིད་རང་སྐྱོང་དང་། རང་དབང་། མང་གཙོ་བཅས་རྩོད་ལེན་བྱེད་བཞིན་པར་ང་ཚོས་རྒྱབ་སྐྱོར་ཞུ་རྒྱུ་ཡིན། ང་ཚོས་སྐུ་ཉིད་ཀྱི་འགན་འཁུར་བའི་ལས་གནས་ཐོག་སྟོབས་ཤུགས་དང་། ཆོད་སེམས། བཟོད་བསྲན། ལེགས་གྲུབ་བཅས་ཡོང་བའི་སྨོན་འདུན་གྲངས་མེད་ཞུ་རྒྱུ་དང་། སྐུ་ཉིད་ཀྱི་སྲིད་སྐྱོང་གི་དུས་ཡུན་རིང་འདི་ག་སི་ལོ་ཝག་སྤྱི་མཐུན་རྒྱལ་ཁབ་སུ་ཕེབས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཞེས་གསུངས། །