༄༅། །ས་ག་ཟླ་བའི་ཚེས་བཅོ་ལྔ་ནི་བདག་ཅག་གི་སྟོན་པ་སྐུ་བལྟམས་པ་དང་། སངས་རྒྱས་པ། སྐུ་མྱ་ངན་ལས་འདས་པའི་དུས་ཆེན་ཏེ་དུས་ཆེན་གསུམ་འཛོམས་ཁྱར་པར་ཅན་གྱི་ཉིན་མོར་ཨ་རི་རྒྱལ་ས་ཝ་ཤིང་ཊོན་ནས་འགྱངས་ཐག་ཀི་ལོ་མི་ཊར་ ༩༠ སར་ས་གནས་ནུབ་ཝིར་ཇི་ན་ཡར་ (West Virginia) གསར་སྤོས་གནང་བའི་རྭ་རྒྱ་དགོན་ཐེག་ཆེན་ནང་བསྟན་རིག་གཞུང་གླིང་གི་༧སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་མཆོག་གིས་མགྲོན་འབོད་ལྟར་ཕྱི་ཟླ་ ༥ ཚེས་ ༢༧ རེས་གཟའ་ལྷག་པ་ཉིན་བྱང་ཨ་རི་སྐུ་ཚབ་དོན་གཅོད་མཆོག་དང་། སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་ངོ་ལས་རྣམས་ས་ག་ཟླ་བའི་ཚེས་བཅོ་ལྔའི་སྨོན་ལམ་ཆེན་མོར་ངོ་བཅར་ཞུས་ཡོད་པ་བཅས། །
གསར་གནས།
འབྲེལ་གནས།